R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 35a
[B:35a]འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་མདོ་སྔགས་བསྟན་པའི་རྩ་ལག་ཏུ་གྱུར་པའི་ཆོས་སྡེ་ཞིག་འདེབས་པའི་དགོངས་པ་གཏད། Descriptive sketch of the site, auspicious signs of the site, examination rites ས་གནས་གང་ལེགས་བརྟག་པ་གནང་དུས། མཁས་རྨོངས་དང་། རྒན་པོ་མང་པོའི་དཔྱད་པ་མང་དུ་བྱུང་ན་ཡང་། རྗེ་ཉིད་ཀྱི་དགོངས་པར་རྒྱུད་སྡེའི་དཀྱིལ་ཆོག་མང་པོར། ས་བརྟག་པ་ལས་ས་པྲའི་སྒོ་ནས་དང་། ཆུ་པྲའི་སྒོ་ནས་བརྟག་པ་གཉིས་གསུངས་པའི། དང་པོ་ལྟར་རྒྱབ་རི་མཐོ་ཞིང་མདུན་རི་ཅུང་ཞིག་དམའ་བ། ཆུ་བོ་གཡས་སུ་འབབ་ཅིང་བྱང་དང་བྱང་ཤར་ཅུང་ཟད་གཞོལ་བ་སོགས་ཀྱི་མཚན་ཉིད་ཚང་བ་དང་། ཁྱད་པར་སྔ་དུས་ཡོ་ག་[A:109]སྐོར་གྱི་གཟིགས་རྟོག་གནང་དུས། རྡོ་རྗེ་དབྱིངས་ཀྱི་ཡིག་ཆ་རྣམས་ལ་གཟིགས་པ་སྩལབསྩལ་བའི་སྐབས་སུ་སྤེལ་ཆེན་གྱི་ཡང་ཐོག་ན་བཞུགས་པ་ལས། བློགློ་བུར་དུ་རླུང་ཆེན་པོས་ཕྱག་དཔེ་ཐམས་ཅད་ཤར་ཕྱོགས་ངོས་ལ་ཁྱེར་བས་ཞབས་འབྲིང་པ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་། བློ་གྲོས་ཆེ་བ་འགའ་ཞིག་གིས་བར་དུ་ས་ལ་ལྷུང་བ་ནི་མ་མཐོང་། ཕལ་ཆེར་ཤར་ཕྱོགས་ཀྱི་རི་འདབ་ཚུན་ལ་ཡོད་ངེས་ཤེས་མྱུར་བ་མྱུར་བར་འཚོལ་དུ་ཕྱིན་པས་ད་ལྟའི་ཆོས་སྡེའི་གླིང་གི་ཐད་ཀྱི་རི་ཐང་རྣམས་ནས་མ་ཚང་བ་མེད་པ་རྙེད་དེ་ཕུལ་བས། ཞལ་འཛུམ་བག་དང་བཅས་ཏེ་"འདི་ལ་རྟེན་འབྲེལ་ཆེན་པོ་འདུག"་གསུང་བ་སྔ་ནས་གནང་བ་དང་། རྣམ་པ་གཅིག་ཏུ་ན་རྒྱབ་རི་ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ་བས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ཀྱི་ལུས་སྟོབས་རྒྱས་ཤིང་ལུང་རིག་གི་བཤོགགཤོག་རྩལ་དང་ལྡན་པ་འབྱུང་བའི་རྟེན་འབྲེལ་དང་། གཡས་ན་ཆུ་བོ་ཆེན་པོ་རྒྱུན་དུ་འབབ་ཅིང་ངོགས་སུ་ནགས་ཚང་ཚིང་འཁྲིགས་པས་ཁྱབ་པས། མདོ་སྔགས་ཀྱི་བཤད་སྒྲུབ་རྒྱུན་མི་འཆད་ལ་མང་དུ་ཐོས་ཤིང་བློ་གྲོས་ཀྱི་ལོ་འདབ་རྒྱས་པའི་རྟེན་འབྲེལ་དང་། གཡོན་ན་དགེ་བཅུ་ཚང་བའི་ཡུལ་གྲུ་རིན་པོ་ཆེའི་རྒྱལ་མཚན་[A:110]འདྲ་བས་ཐར་པའི་རྒྱལ་མཚན་ཡུན་དུ་བསྦྲེང?བསྒྲེངས་བའི་རྟེན་འབྲེལ་དང་། མདུན་ན་རྒྱལ་པོའི་ཕོ་བྲང་ལྷུན་པོ་གསེར་རིས་བསྐོར་བ་འདྲ་བས་བསྟན་པའི་སྦྱིན་བདག་ས་སྐྱོང་བ་ཆེན་པོའི་འཁོར་བཅས་རྣམས་གུས་པ་ཆེན་