[B:4b]བསྙུན་པའི་ཚུལ་བསྟན་སྐུ་གསུམ་གྱི། །
གོ་འཕང་མངོན་དུ་མཛད་[A:9]པའི་ཚུལ།
ངོ་མཚར་ལྟས་མང་དང་བཅས་པ། །
སྤྲུལ་བའི་མཛད་པ་བསམ་མི་ཁྱབ། །
ཅེས་མདོར་བསྟན་ནས། ། ཅུང་ཟད་རྒྱས་པར་བཤད་པ་ལ།
CHAPTER 1: Previous Lives; A: pp. 9-13; B: ff. 4b2-6a3
དང་པོ་སྔོན་བྱུང་གཏམ་གྱི་ལོ་རྒྱུས་ནི།
ཀུན་ཁྱབ་བདེ་བས་ཀུན་དགའ་དགའ་བ་ཆེ། །
རྣམ་མང་བདུད་ལས་རྣམ་རྒྱལ་རྒྱལ་བ་དངོས། །
དཔལ་ལྡན་སྲིད་ཞིའི་དཔལ་གྱུར་བརྟུལ་ཞུགས་བཟང་། །
ཀུན་ཏུ་བཟང་པོ་གདོད་མའི་མགོན་པོ་རྒྱལ། །
སངས་རྒྱས་ཐམས་ཅད་ཚོགས་དང་ནི། །
བགྲོད་ཅིག་ལམ་དང་སྤང་པ་དང་། །
ཡེ་ཤེས་ངོ་བོ་གཅིག་ཉིད་ལས། །
ཕྲིན་ལས་མཛད་པ་སོ་སོར་སྟོན། །
་not located
ཞེས་གསུངས་པ་ལྟར། སྤྱིར་སངས་རྒྱས་ཐམས་ཅད་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་གཉིས་ཀྱི་འཁོར་ལོ་རྫོགས་པར་མཛད་ཅིང་། ནང་དོན་དུ་ཉེ་བའི་ལམ་མཐར་ཐུག་པ་རྡོ་རྗེ་ཐེག་པ་ལ་བརྟེན་ནས། གནས་འོག་མིན་དུ་སྒྲིབ་གཉིས་ཟད་པར་སྤངས་ཤིང་། ཤེས་བྱ་མ་ལུས་པ་མངོན་སུམ་དུ་རྟོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཆོས་སྐུའི་ངོ་བོར་རོ་གཅིག་ཏུ་གསངས་རྒྱས་ནས། སླར་ཡང་གདུལ་བྱ་འདུལ་བའི་སླད་དུ། ལོངས་སྤྲུལ་ལ་སོགས་པ་གཟུགས་སྐུའི་སྣང་བས་ཕྲིན་ལས་མཛད་པ་སོ་སོར་སྟོན་པ་ལྟར། མགོན་པོ་འདི་[A:10]ཉིད་ཀྱང་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་མཆོག་གི་གོ་འཕང་མངོན་དུ་མཛད་ཅིང་། སླར་ཡང་སྤྲུལ་པའི་སྐུ་བགྲང་བ་ལས་འདས་པ་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྐལ་བ་དང་འཚམས་པའི་གདུལ་བྱའི་ཞིང་མཐའ་ཡས་པར་འབད་མེད་ལྷུན་གྲུབ་ཏུ་འགྲོ་དོན་མཛད་པར་ངེས་ཏེ།
Birth as Guru Rin po che
དེ་ཡང་སྔོན་རྒྱལ་པོ་བཟང་པོ་མཆོག་ཅེས་