[B:42b]ན་རྗེ་བཙུན་མ་སྒྲོལ་མ་དཀར་མོ་དང་སྔོན་མོའོ། ། ཤར་ནུབ་ཀྱི་སྒོ་གོང་གཉིས་ན་རྡོ་རྗེ་རྣམ་པར་འཇོམས་པ་དང་ཁྲོ་བོ་སྨེ་བ་བརྩེགས་པའོ། ། བྱང་སྒོའི་གོང་ན་འཕགས་པ་རིགས་གསུམ་མགོན་པོ་རྣམས་སོ། ། དེ་ལྟ་བུའི་གཞལ་མེད་ཁང་ཆེན་པོ་ན་མཆོད་པའི་རྫས་མ་ལུས་པས་གཏམས་ཏེ་བཀོད་པའོ། ། དེའི་སྒོ་དྲུང་གི་ཕྱི་ངོས་ཀྱི་ལོགས་བྲིས་ལ། ལོ་ཆེན་རིན་ཆེན་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་རྣམས་གང་འོས་ཀྱི་བཀོད་རིས་ཕུན་སུམ་ཚོགས་པ་དང་བཅས་སོ། ། ཁྱམས་ཆེན་ཀ་ཆེན་དྲུག་ཅུ་རྩ་བཞིའི་ས་ལ། ཤིང་བརྩེགས་ཕུན་སུམ་ཚོགས་པ་མཚལ་ཀ་མཐིང་གདུང་དང་། སྐྱང་ནུལ་མེ་ལོང་གི་ངོས་ལྟར་འཇམ་ཞིང་དྭངས་པའི་ཀུན་དགའ་རྭ་བའི་ལོགས་བྲིས་ཀྱི་བཀོད་པ་ལ། གཙང་ཁང་གི་ངོས་གཡས་ལ། རྗེ་ས་སྐྱ་པ་དཀར་པོ་རྣམ་གསུམ་གཙོ་བོར་གྱུར་པ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བརྒྱུད་པའི་རིམ་པའི་བླ་མ་རྣམས་ཀྱི་བསྐོར་བ་དང་། [A:138]གཡོན་ངོས་ལ་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དཔལ་ལྡན་བླ་མ་དམ་པ
་རྣམས་གཙོ་བོར་གྱུར་པ་ལ་རྩ་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རིམ་པ་རྣམས་ཀྱིས་བསྐོར་བར་བཞུགས་སོ། །
དེ་གཉིས་ཀྱི་འོག་གི་གྲྭ་བཞི་ན་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་བལྟམས་པ་དང་དུས་མཚུངས་པར་འཁྲུངས་པའི་དུས་མཉམ་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། རྒྱལ་པོ་གསལ་རྒྱལ་དང་། རྒྱལ་པོ་ཤར་པ་དང་།
རྒྱལ་པོ་གཏུམ་པོ་རབ་སྣང་དང་བཞི་སོ་སོའི་རྒྱན་ཆ་ལུགས་ཀྱི་ཁྱད་པར་དང་བཅས་ཏེ་འགྲེང་བར་བཞུགས་སོ། །
On dPag bsam khri shing murals
གནས་དེའི་ཕྱིའི་ངོས་རིངས་སྐོར་ས་དང་བཅས་པ་ལ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་པའི་རབས་ཤིན་ཏུ་རྒྱས་པ་དཔག་བསམ་འཁྲི་ཤིང་དུ་གྲགས་པ་ཡབ་རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་ས་བདག་རབ་གསལ་གྱི་རྟོགས་བརྗོད་ནས། ཁྱིམ་བདག་ཟས་གཙང་གི་རྟོགས་བརྗོད་ཀྱི་བར་ཡལ་འདབ་བརྒྱ་ཕྲག་གཅིག་དང་བདུན་ལ་བཀྲ་ཤིས་ཀྱི་གྲངས་ཁ་སྐོང་བའི་སླད་དུ་སྲས་ཟླ་བའི་དབང་པོས་མཛད་པའི་བརྒྱད་པ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་དེ་བརྒྱ་རྩ་བརྒྱད་ཚང་བའི་ཡལ་འདབ་གཉིས་གཉིས་ལ་གཙོ་བོ་སྐུ་ཚད་[A:139]ཆེ་བ་རེ་སྐུའི་འགྱུར་བ་ཁྲི་རྒྱབ་ཡོལ་སོགས་རྣམ་གྲངས་ཐ་དད་པ་བཞུགས་པ་རྣམས་ལ་སྐྱེས་རབས་ཉིད་ནས་