R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 48b
[B:48b]ལྷན་ཐབས་གཤེད་སྐོར་བྱིན་ལ་འཁོ་བ། དགྲ་ནག་གི་དཀྱིལ་ཆོག་བདུད་རྩིའི་རོལ་མཚོ་ལ་གསུང་མཆན། གཤིན་རྗེའི་གཤེད་ཀྱི་གཏོར་མ་དྲུག་བཅུཅུ་པའི་ཆོ་ག། གཤིན་རྗེའི་གཤེད་དམར་ནག་གི་མཆོད་པ་ཉི་ཤུ་པ། དགྲ་ནག་དང་གཤེད་དམར་གྱི་ཁྱད་པར་གྱི་ཐིག་རྩ། རྡོ་རྗེ་[A:160]ཕུར་པའི་ནུབ་གཉིས་པ་སྟ་གོན་གྱི་ཟིན་བྲིས། རྡོ་རྗེ་ཕུར་པའི་རྣམ་བཤད་རྩོམ་འཕྲོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ལ་གསུང་མཆན་ཞིབ་པ། འཕགས་པ་རིན་པོ་ཆེས་མཛད་པའི་བདེ་མཆོག་ལུ་ཧིཡི་པའི་མངོན་རྟོགས་ལ་གསུང་མཆན་ཞིབ་པ། བདེ་མཆོག་གི་བུམ་པ་སྟ་གོནགྱོན་གྱི་ཟིན་བྲིས། རྩ་ལྟུང་འཁྲུལ་སྤོང་གི་ངག་འདོན་བླ་མ་ལྔ་བཅུ་པའི་ངག་འདོན་དྲིལ་བ། ཀུན་རིག་གཞན་ཕན་འོད་ཟེར་གྱི་ངག་འདོན་གཞན་ཕན་སྣང་བ་མཐའ་དཔྱད་དང་བཅས་པ། རྗེ་བཙུན་ཆེན་པོའི་འབྱུང་ཊཱིཀ་གི་སྒྲུབ་ཆེན་གྱི་ལྷའི་ཞུགས་ཚུལ་ལ་བུ་སྟོན་གྱིས་ཟུར་ཟ་མཛད་པའི་སྐབས་ཀྱི་དོགས་སྤོང་། རྡོ་རྗེ་རྩེ་མོའི་ས་ཆོག་རྒྱས་པའི་གར་ཡིག། རྣལ་འབྱོར་རྒྱུད་ཀྱི་དབྱངས་ཡིག་གང་གཱའི་ཆུ་རྒྱུན། འཇམ་དཔལ་ནམ་མཁའ་དྲི་མེད་ཀྱི་ཐིག་རྩ། སློབ་དཔོན་ཡེ་ཤེས་རྒྱ་མཚོས་མཛད་པའི་དཔལ་རྩེ་རྣམ་སྣང་མངོན་བྱང་གསུམ་གྱི་ཐིག་རྩ་ལ་གསུང་མཆན། རྡོ་རྗེ་ཕྲེང་བའི་དབང་ཆོག་གི་སྐབས་སུ་ལྷན་ཐབས་གལ་ཆེ་བ། མཁན་ཆེན་བྱང་བརྩོན་པའི་ངོར་མཛད་པའི་སྒྲུབ་ཐབས་བརྒྱ་རྩའི་དབང་ཆོག་དང་། དེའི་མངོན་རྟོགས་ཀྱི་ངག་འདོན། ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་ཐབས། རྟ་[A:161]མགྲིན་དམར་པོའི་སྒྲུབ་ཐབས། བྱ་བ་ཁྲི་དཔོན་གྱི་དོན་དུ་མཛད་པའི་ཚོགས་བདག་དམར་པོའི་མཆོད་གཏོར་བསྡུས་པ། དཔའ་བོ་གྲུབ་པའི་རྒྱུད་ནས་གསུངས་པའི་གནོད་སྦྱིན་འཁོར་ལོ་མཐའ་དཔྱད་དང་བཅས་པ། ཆོས་རྗེ་ཐེག་ཆེན་པས་མཛད་པའི་གུར་མགོན་གྱི་དཀྱིལ་ཆོགམཆོག་མགོན་པོ་རྣམ་རོལ་ལ་གསུང་མཆན་དང་། གྲི་གུག་ལྷ་ལྔ་ཐུན་མོང་མ་ཡིན་པ་ལ་དབང་བཞིའི་ལེན་ཐབས་གལ་ཆེ་བ། འཁོར་ལོ་རྩིབས་བཞི་པ། དྲུག་པ། བརྒྱད་པ་རྣམས་ཀྱི་ཐིག་རྩ་ཚིགསཚིགཆིག་བཅད་ལྷུག་གཉིས། དཔལ་གུར་གྱི་མགོན་པོའི་མདོས་ཆོག་རབ་འཇིགས་རྡོ་རྗེའི་མེ་ཆར། གཉན་མགོན་ཞལ་བཞི་པའི་གཏོར་མ་