R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༢༣
[A:༥༢༣]ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང༌། མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་བཀའ་དྲིན་གཞལ་བར་དཀའ་བ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་དང༌། ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་དང༌། ཉམས་དང་རྟོགས་པའི་མཐར་སོན་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ལ་སོགས་པ་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ་གསུང་གི་བདུད་རྩིས་འཚོ་ཞིང༌། ཁྱད་པར་དུའང་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་དང༌། གནས་ལྔ་རིག་པའི་མཁས་པ་ཆེན་པོ་མདོ་སྔགས་བསྟན་པའི་སྲོག་ཤིང་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་རིག་པའི་གནས་ལ་བློ་གྲོས་ཀྱི་པདྨོ་ཅུང་ཟད་ཁ་བྱེ་བ་ཤཱཀྱའི་དགེ་སློང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནམ། མིང་གཞན་འཇམ་དབྱངས་སྨྲ་བའི་སེང་གེ་མཚོ་བྱུང་དགའ་བའི་བཤེས་གཉེན་དུ་བོད་པའམ། འཇམ་དཔལ་དགྱེས་པའི་བཤེས་གཉེན་གཙུག་ལག་སྨྲ་བའི་ཉི་མ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་ཀྱང་བགྱི་བས་རྣམ་གཡེང་དང་ལེ་ལོའི་གསེབ་ཚགས་རྣམས་སུ་རིམ་གྱིས་བྲིས་ཏེ། རབ་བྱུང་བཅུ་བཞི་པའི་ནང་གསེས་ལྕགས་མོ་བྱའི་ལོར་ཐམས་ཅད་བྲིས་ཟིན་པ་ཡིན་ནའང༌། སླར་ཡང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་དགོངས་པ་ཞི་དབྱིངས་སུ་གཟིགས་པའི་ཚུལ་རྣམས་ཀྱང་ཁ་བསྐངས་ཏེ་ཡོངས་སུ་རྫོགས་པར་རབ་བྱུང་བཅོ་ལྔ་པའི་ཐོག་མ་ལེགས་སྦྱར་གྱི་སྐད་དུ་པྲ་བྷ་ཝ་ཞེས་པ་བོད་སྐད་དུ་རབ་བྱུང་སྟེ་རྒྱ་རྩིས་པས་མེ་མོ་ཡོས་ཀྱི་