R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༧༨
[A:༦༧༨]པ་མགུ་བ་བསྐྱེད་པའི་ཉམས་འགྱུར་ཕུན་སུམ་ཚོགས་པར་མཛད་པ་འདི་ཉིད་ཀྱི་ལུང་རྒྱུན་མ་ཧཱ་བྷོ་ཊའི་ལྗོངས་འདིར་མ་བཞུགས་པས་དུས་ཕྱིས་གསུང་ངག་སློབ་བཤད་རྩ་བའི་བརྒྱུད་པ་དཔལ་ས་སྐྱའི་བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་ཐུགས་སྲས་བྲང་ཏིའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་དང༌། དེ་དབོན་མཁན་ཆེན་རྡོ་རྗཻ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེ་དབོན་བདག་ཅག་གི་རྩ་བའི་ཡོངས་འཛིན་ངེས་པ་དོན་གྱི་རྡོ་རྗཻ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་གསུམ་ཁོ་ནར་ཐུག་པས་ཚར་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་ཞལ་སྐོང་གི་དབྱིག་ཏུ་བཞུགས་ཕྱིར་བློ་གཏེར་དབང་པོས་ལུང་སྤེལ་གྱི་སྲི་ཞུར་རློམས་ནས་གོང་དུ་ཐར་རྩེ་རྡོ་རྗེ་འཆང་ལ་གསོལ་འདེབས་ཤློ་ཀ་གཅིག །མཇུག་ཏུ་ཁུུ་ན་པཎ་ཆེན་ལ་ཤློ་ཀ་གཅིག་གསར་རྩོམ་དང༌། སྦྱར་བྱང་ཞལ་བསྒྱུར་བཅས་བགྱིས་པ་འདིས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཁམས་གསུམ་གྱི་མགོན་པོ་རྗེ་བཙུན་རྡོ་རྗེ་འཆང་དེ་ཉིད་ཀྱིས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།། །།