R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༢༤
[A:༥༢༤]༄༅། །ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ཞེས་བྱ་བ་བཞུགས་སོ།། །། ༈ ཨོཾ་སྭ་སྟི་སིདྡྷཾ། དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་དྲིན་ཆེན་རྩ་བའི་བླ་མ་དང་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དབྱེར་མ་མཆིས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། རང་བཞིན་འོད་གསལ་སྤྲོས་ལས་རྣམ་གྲོལ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །མཐའ་ཀླས་འགྲོ་ལ་རྗེས་སུ་ཆགས་པའི་བྱམས་པ་ཆེན་པོའི་སྤྲིན་བཀོད་དེ། །མཁས་ཀུན་དགའ་བའི་མཚན་དཔེའི་རོལ་པས་ལྷར་བཅས་འཇིག་རྟེན་དབུགས་འབྱིན་ཅིང༌། །བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེང་མཛད་ཁྱབ་བདག་དཔལ་ལྡན་བླ་མས་སྐྱོངས། །གཙོ་མ་གསེར་གྱི་ཕུང་པོ་འདྲ་བ་ལ། །སྟོན་ཀའི་ཟླ་བ་འབུམ་ཕྲག་ཕྱིས་པའི་ཞལ། །ལན་བརྒྱར་མཐོང་ཡང་ཕྱིར་ཞིང་དགའ་སྐྱེད་པའི། །བལྟ་བས་མི་