R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༣༨
[A:༢༣༨]༄༅། །དཔལ་གྱི་ལང་ཚོ་ཀུན་དགའི་འཇོ་སྒེག་ས་གསུམ་དཔྱིད་དུ་དར་བ་ན། །དཔལ་གྱི་མགྲིན་པ་ལི་ཤིའི་དྲི་བསུང་འཆི་བ་མེད་བའི་བཅུད་དུ་དངར། །དཔལ་གྱི་སྙིང་པོ་འགྲོ་བའི་མར་མེ་ཡེ་ཤེས་སྒྲོན་མེ་གཅིག་པུར་གྱུར། །དཔལ་ལྡན་བླ་མ་གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད་པ་དེ་ལ་འདུད། །བཙོ་མ་གསེར་རིར་གུར་གུམ་ཆུ་བོས་དཀྲིས་པ་ལ། །ཟག་མེད་ཡོན་ཏན་ཀུན་གྱིས་འབྲལ་མེད་འཁྱུད་གྱུར་ན། །འཇམ་དཔལ་གཞོན་ནུར་གྱུར་པའི་དཔེ་ཟླར་འོས་མིན་ནམ། །ལྷ་མཆོག་ཁྱོད་ཀྱི་སེམས་ཅན་ཀུན་ཡིད་ཚིམ་པར་མཛོད། །འཇིག་རྟེན་གསུམ་གྱི་དཔལ་འབྱོར་མ་ལུས་གཅིག་ཏུ་བཟླུམས་ཀྱང་བརྒྱ་ཡི་ཆར་ཡང་མི་ཉེ་བ། །ཟབ་གསང་ཐེག་པའི་བདུད་རྩིའི་ཟེགས་མ་ཙམ་ཡང་དུས་མཐར་མི་ཉམས་ཡོངས་སུ་འཛིན་བཟོད་པ། །སྟོབས་བཅུ་མངའ་རྣམས་སྟོབས་དང་ནུས་པ་གཅིག་ཏུ་བསྡོམས་པ་མིན་ན་གཞན་ལྟ་ག་ལ་ཞིག །རྡོ་རྗེ་ཅན་དངོས་བླ་