R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༣༤
[A:༣༣༤]ནས་བཀའ་ལུང་ས་ལེ་སྦྲམ་ལྟར་ལྕི་བ་དང༌། རིན་ཆེན་དང་པོའི་གནང་སྐྱེས་བཅས་སྩལ་ཤིང༌། བསླབ་གསུམ་སྡེ་སྣོད་འཛིན་པའི་ཆོས་སྨྲ་བ་ཆེན་པོ་འཇམ་དབྱངས་ཐུབ་བསྟན་དགེ་ལེགས་དང༌། མདོ་སྔགས་རིག་གཞུང་རྒྱ་མཚོར་ཆོས་སྤྱན་ཡངས་པ་རབ་ཤིས་སྤྲུལ་སྐུ་འཇམ་དབྱངས་སྐལ་བཟང་རྣམ་རྒྱལ་དང༌། མཁས་བཙུན་ལང་ཚོ་བདོ་བའི་དམ་པའི་བཅུད་ཀྱིས་བརྟས་པ་རབ་ཤིས་དཔོན་སྲས་འཇམ་དབྱངས་ལུང་རིགས་སེང་གེ་བཅས་ཀྱི་བཀའ་བསྐུལ་གནང་བར་བཟློག་ཏུ་མ་བཟོད་པ་དང་རང་ཉིད་ཀྱང་སྐལ་པ་བཟང་པོར་རློམ་སྟེ། བླ་མ་རྡོ་རྗེ་འཆང་གི་བཀའ་འབངས་ཀྱི་ཐ་ཆུང་དྷྱ་ན་མ་ཏིས་རང་གནས་ལྷུན་གྲུབ་སྟེང་དུ། སྟོན་མཆོག་ཆོས་ཀྱི་ཉིན་བྱེད་ཆོས་དབྱིངས་སུ་གཞོལ་ནས་བགྲང་གཞི་བཞི་སྟོང་ང་བདུན་བརྒལ་བ་དང༌། བྱང་ཕྱོགས་ཆ་བསགས་ཕོ་བྲང་དུ་རིགས་ལྡན་སྟོབས་པོ་རྒྱལ་སར་ཕེབས་ནས་བགྲང་གཞི་གོ་བདུན་འདས་པ་དང༌། རྗེ་བླ་མ་གསང་ཆེན་ཆོས་ཀྱི་ཟླ་རྒྱས་མི་མངོན་དབྱིངས་སུ་གཤེགས་ནས་བགྲང་གཞི་བཅུ་ཕྲག་གཅིག་སོང་བར་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་བྱི་བའི་ལོར་ས་གཞི་ཐམས་ཅད་འབྲས་བུ་སྣ་ཚོགས་ཀྱིས་གཏམས་ཤིང་ཆུ་ཀླུང་ཐམས་ཅད་ཡན་ལག་བརྒྱད་ལྡན་གྱི་དག་བྱེད་དུ་འགྱུར་པའི་སྐབས་སྟོན་ཟླ་ར་བའི་དུས་ཚེས་དགེ་བར་གྲུབ་པར་བགྱིས་པ་འདིས་ཀྱང་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མས་རྗེས་སུ་འཛིན་ནས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་མཐུ་ཆེན་པོ་འཐོབ་པའི་རྒྱུར་