R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༤༡༨
[A:༤༡༨]ཨོཾ་སྭ་སྟི། རྣམ་དག་མཁའ་དབྱིངས་ཁ་སྦྱོར་བདུན་ལྡན་གྱི། །ཆ་ཤས་རྫོགས་ཤིང་བྱམ༷ས་པ༷འི་འོད་འཕྲོ་བས། །འགྲོ་ཀུན༷་དག༷འ་སྟེར་བསྟན་པའི་རྒྱ༷ལ༷་མཚ༷ན་དང༌། །དགེས་པ་རྡོ་རྗེ་དབྱེར་མེད་སྙིང་དབུས་མཆོད། །འགྱུར་མེད་ཨེ་ཡིག་ལྷ་ཡི་རྫིང་རིང་དུ། །ཝྃ་ཡིག་ཆུ་འཛིན་དཀྲིགས་ལས་འཛམ་གླིང་འདིར། །མཛེས་པའི་རྒྱན་དུ་ནོར་བུའི་ཆར་བབས་ལས། །དབྱིག་གི་སྙིང་པོ་དཔལ་ལྡན་ཆོས་སྐྱོང་རྒྱལ། །འཇམ་དཔལ་གསང་བདག་འོད་གསལ་ལྷ་རིགས་སུ། །སྒྱུ་མའི་ཟོལ་གྱིས་བསྟན་ལ་ངོ་མཚར་ཅི། །ཐུབ་དབང་འཇམ་དབྱངས་སོགས་སུ་དངོས་སྣང་བའི། །འཇམ་མགོན་བདུན་བརྒྱུད་དད་གསུམ་སྤྱི་བོས་མཆོད། །སྲིད་པའི་གཤེར་ཀུན་བསྐམས་ཀྱང་སྙིང་རྗེས་བརླན། །བདག་འཛིན་བཅད་ཀྱང་འགྲོ་ཀུ༷ན་དམ་དུ་འཛིན། །འགྲོ་ལ་དག༷འ་སྟེར་ཕན་བདེ་བཟ༷ང་པོ༷འི་ཕུལ། །རྒྱ་མཚོའི་བློ་ཞེས་འཚང་རྒྱ་དེ་ལ་འདུད། །རྣམ་