R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༥༡༠
[A:༥༡༠]བསྒོམས་པས་ཉམས་མྱངས་ཏེ། །མཐའ་གཉིས་བྲལ་བའི་མཁའ་ལ་གཤེགས་པའི་ཤུལ། །ངེས་གསང་རིན་ཆེན་མཐའ་དག་རིན་ཆེ་ཡང༌། །ཚུལ་འདི་བརྒྱ་བྱིན་ཐོགས་པའི་ནོར་བུ་བཞིན། །ལོ་པཎ་ཆོས་ཀྱི་དེད་དཔོན་མཆོག་རྣམས་ཀྱི། །དྲིན་ལས་གངས་རིའི་ཁྲོད་འདིར་གསལ་བར་སྣང༌། །བདུད་རྩི་ཟགས་པའི་ཟླ་བར་རིས་མེད་ཀྱང༌། །དེ་འོད་འཐུངས་ནས་འཕེལ་བ་ཆུ་གཏེར་ཉིད། །གསུང་ངག་རིན་ཆེན་ཕྲེང་བ་དྲི་མེད་པ། །ཀུན་གྱི་སྤྱི་ནོར་ཡིན་ཡང་སྒོས་སྐལ་བཞིན། །སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལ། །བྱ་བ་ཅུང་ཟད་བགྱིས་ཀྱང་བསོད་ནམས་སྟོབས། །སྦོམ་པོར་འགྱུར་བའི་དུས་འདིར་བློ་ལྡན་རྣམས། །སྲི་ཞུར་མཛོད་ཅེས་ཕྱག་བཅས་བདག་གིས་གསོལ། །ཇི་ལྟར་རིན་ཆེན་དང་པོར་བཟོ་བྱས་པ། །གཟུགས་བརྙན་ཅིར་ཡང་ཁྱད་དུ་འཕགས་པ་བཞིན། །ཚུལ་འདིར་མཁས་སྙེམས་གྲགས་འདོད་མ་ཡིན་པར། །ལྷག་བསམ་དག་པས་བསྙེན་བྱས་སྐལ་བཟང་མཆོག །གསུང་ངག་གངྒཱའི་བུ་མོ་འདིར། །ཚད་མ་བཞི་ལྡན་རྦ་རླབས་འཛུམ། །འདིར་འབད་རྙོག་པའི་ཆ་མཆིས་ན། །བདག་གཅིག་སྐྱོན་ཡིན་སྙིང་ནས་འཆགས། །དགེ་ཚོགས་རྫོགས་ལྡན་གསེར་གྱི་སྤྲིན་ཆེན་གཞན་ཕན་ནམ་མཁའི་མཐར་ཐུག་པར། །འགྲོ་བའི་ཡིད་ལ་ཆོས་དང་མཐུན་བཀོད་ཀུན་ཏུ་བཟང་པོའི་ཟློས་གར་རྩེ། །ཐུབ་བསྟན་བཤད་སྒྲུབ་ལོ་མ་མེ་ཏོག་སྙེ་མའི་ཕུང་པོས་ལྕི་བ་ཡིས། །ས་གསུམ་མ་ལུས་ཕྱུར་བུར་འགེངས་པས་ཕན་བདེས་ཀུན་ཁྱབ་རྒྱུར་གྱུར་ཅིག །བཀྲ་ཤིས་ཡིད་འོང་ནོར་བུའི་གདུགས་དཀར་རབ་འབྱམས་ཞིང་དུ་འབུབས་པ་པོ། །བཀྲ་ཤིས་མཆོག་གསུམ་གསེར་གྱི་ཡུ་བ་རྟག་