R216: གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང།་ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ།

  • Pagination (Witness A): ༥༡༡
[A:༥༡༡]བརླིང་མངོན་པར་མཐོ་དང་བཅས། །བཀྲ་ཤིས་གནས་སྐབས་མཐར་ཐུག་ཀུན་ཏུ་བདེ་ནས་བདེ་བར་འགྲོ་བའི་ལམ། །བཀྲ་ཤིས་ལུས་ཅན་ཀུན་གྱིས་རྙེད་ནས་སྟོབས་བཅུའི་དཔལ་འབར་བཀྲ་ཤིས་ཤོག། །།ཅེས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ངོར་ལུགས་ཐུན་མིན་སློབ་བཤད་དང༌། ཐུན་མོང་ཚོགས་བཤད་ཐ་དད་ཀྱི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་གསེར་གྱི་ཕྲེང་བ་བྱིན་ཟབ་འོད་བརྒྱ་འབར་བ་ཞེས་བྱ་བ་འདིའང༌། གསུང་ངག་རིན་པོ་ཆེའི་བཀའི་བསྡུ་བ་ཆེན་པོ་བགྱིད་སྐབས་གནས་ལྔ་རིག་པ་བླ་མ་འཇམ་དབྱངས་མཁྱེན་རབ་ནས་བརྒྱུད་ཁུངས་རྣམས་འཚོལ་ཏེ་ཕྱོགས་གཅིག་ཏུ་བཏུས་པ་ལ། བདག་ཤཱཀྱའི་དགེ་སློང་སྤོང་བ་པ་འཇམ་དབྱངས་བློ་གཏེར་དབང་པོས་རང་ནོར་རང་གཅེས་ཀྱི་ཚུལ་དུ་ལེགས་པར་དཔྱད་ཅིང་གཏན་ལ་ཕབ་སྟེ། དཔལ་ལྷུན་གྲུབ་སྟེང་གི་ཡང་རྩེའི་དབེན་ཚལ་དུ་གོ་རིམ་བསྡེབས་པའི་དགེ་བས་བདག་སོགས་འགྲོ་ཀུན་རྗེ་བཙུན་བླ་མའི་ལམ་གྱིས་ཚེ་འདི་ཉིད་ལ་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།