R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༤༩༦
[A:༤༩༦]༄༅༅། །ན་མོ་གུ་རུ་བྷཊྚ་ར་ཀ་དྷརྨ་སྭ་མི་པུཎྱ་ཤྲི་ཝནྦྷ་དཱ་ཡ། དཔལ་ལྡན་རིགས་བརྒྱའི་གཙོ་བོ་རྡོ་རྗེ་འཆང༌། །ཐ་མལ་གདུལ་བྱའི་སྣང་ངོར་དྲིན་ཅེན་རྗེ། །ཟབ་རྒྱས་དམ་ཆོས་བདུད་རྩིས་བདག་སོགས་བརྒྱུད། །སྨིན་མཛད་བླ་མའི་ཞབས་ཀྱི་པདྨོར་འདུད། །འཇིག་རྟེན་མགོན་པོ་མར་མེ་མཛད་བཟང་པོས། །སྙིགས་དུས་འགྲོ་ལ་ཕན་བདེའི་སྒོ་འཕར་བརྒྱ། །འབྱེད་ཕྱིར་སླར་ཡང་མཁས་དང་གྲུབ་པའི་གཙོ། །སངས་རྒྱས་ཕུན་ཚོགས་ཞེས་སྤྲུལ་གཙུག་ན་རྒྱལ། །དེས་གསུངས་གདན་རབས་རྟོགས་བརྗོད་ནོར་ཕྲེང་གི། །གྲལ་དུ་ཕལ་ཚིག་མཆིང་བུས་མཛེས་མིན་ཀྱང༌། །དད་པའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི། །ཁ་སྐོང་སྒྲིག་འདིར་མཁས་རྣམས་དགེས་པར་མཛོད། །ཅེས་མཆོད་པར་བརྗོད་ནས། འདིར་གསུང་ངག་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་གདན་རབས་