R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 65
[A:65]པར་ཞུ་ཞིང་། ཅི་གསུང་པ་བསྒྲུབ་རྟེན་འདིའང་བསྡུད་པར་ཞུ་ཇི་ལྟར་བསྒོ་བ་ཉན་ཞུས་པས། ཁྱེད་རྣམས་ཉོན་ཅིག ཁྱེད་མངའ་རིས་དང་བཅས་པ་རྡོ་རྗེའི་ཐེག་པ་ལ་འཇུག རྟེན་འདི་ཡི་སྤྱི་བོར་སྤྱན་རས་གཟིགས་ཀྱི་སྐུ་བཞུགས་སུ་འཛུད། དེ་བསལ་ན་རྟེན་འཇིག ཤ་ཁྲག་ལ་སོགས་པའི་མ་དག་པའི་མཆོད་པ་ཐམས་ཅད་སྤོངས། དཀར་གསུམ་མངར་གསུམ་གྱི་མཆོད་རྫས་རྣམས་ཀྱི་ཕུད་སུམ་ཆས་སྤྱན་རས་གཟིགས་མཆོད། དེའི་ལྷག་མ་སུམ་ཆས་རྟེན་ལ་མཆོད། དེའི་ལྷག་མ་གསུམ་ཆས་ཁྱེད་རང་ལོངས་སྤྱོད། མཆོད་རྫས་དམན་པ་རྣམས་སྡུག་ཕོངས་དང་བྱ་ཁྱི་ལ་སྟེར་ན། རྟེན་བསྡུའོ་གསུངས་པས། ཐམས་ཅད་ཁས་བླངས་དམ་བཅས་ཏེ། རྟེན་དེ་སློབ་དཔོན་གྱིས་སྡུད་པར་བྱེད་པའི་ལྟ་སྟངས་ཀྱིས་བསྡུས་ནས། དེའི་སྤྱི་བོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྡོ་སྐུ་མདའ་གང་པ་བཞུགས་སུ་གསོལ། ཕྱག་བསྐོར་བ་མཆོད་པ་རྣམས་ཐོག་མར་སྤྱན་རས་གཟིགས་ལ་མ་བྱས་པའམ། སྐུ་འདི་བསལ་ན་ཁྱེད་རང་གི་རྟེན་རྡུལ་ཕུང་དུ་འགྲོའོ་ཞེས་བསྒོས་ཏེ། ལྷོ་ཕྱོགས་ན་སྟམ་པ་ཏྲ་ཏི་པ་བྱ་བ་ལྗོན་དམར་ལས་བྱས་པའི་དབང་ཕྱུག་ཆེན་པོ་ཁྲུ་བརྒྱད་ཅུ་པ་གཅིག་ལ་ཉི་མ་རེ་ལ་སྲོག་ཆགས་བརྒྱ་ཕྲག་འགའ་རེ་གསད་ཅིང་མཆོད་པ་གཅིག་ཡོད་པ་འདུལ་དུ་གཤེགས་པའི་ཕྱག་ཕྱི་ལ་རལ་པ་ཅན་རྣམས་ཀྱི་ནང་ན་རིག་བྱེད་ལ་སོགས་མཁས་ཤོས་གཅིག་འབྲང་པ་ནི་དྷ་མ་ལའོ། །དེའི་ལམ་ན་མུ་སྟེགས་པའི་རྟེན་ཡོད་པ་རྣམས་བིརྺ་པས་ཤིག་གིས་དོགས་ཏེ། ཁོང་རང་གི་རྟེན་རྣམས་ཀྱི་སྤྱི་བོར་ནང་པའི་སྐུ་རེ་བཞུགས་སུ་བཙུད་དེ། རེ་རེ་ལ་མེ་ཏོག་ཕྲེང་བ་