R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 69
[A:69]རེ་ལ་བྱ་ར་མ་ཧེ་ལ་སོགས་པ་སྟོང་ཕྲག་རེ་ཙམ་རེའི་སྲོག་གི་མཆོད་སྦྱིན་བྱེད་པས། དེ་དག་གི་སྲོག་སྐྱབས་ནས་རེ་ཞིག་མཉམ་པར་འཇོག་པར་ཞུ་བྱས་པས། འོ་ན་རྟེན་མ་བཤིག་པར་ཐབས་ལ་མཁས་པས་ཐུལ་ཅིག་གསུང་ངོ་། །དེའི་དུས་ཡར་བཅད་ཀྱིས་ཌོཾ་བྷི་ཧེ་རུ་ཀའི་སློབ་སྦྱོངས་རྣམས་ལེགས་པར་གྲུབ། བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་ཆ་ལག་ཚང་བ་གནང་ནས། དུར་ཁྲོད་ཆེན་པོ་ཧ་ཧ་སྒྲོགས་པ་ལ་སོགས་པར་གྲངས་སྟེང་དུས་ཀྱི་བསྙེན་པ་ཐེབས་ནས་སྦྱིན་སྲེག་བཞིས་འཕྲིན་ལས་སྣ་ཚོགས་ལ་ཐོགས་པ་མེད་པ་བསྒྲུབས་ལ། རྒྱལ་པོ་ཆེན་པོ་ཛ་ཡ་ཨ་ནནྡ་ལ་སོགས་པའི་རྒྱལ་ཁམས་ཤར་ཕྱོགས་པ་ཐམས་ཅད་རྡོ་རྗེའི་ཐེག་པ་ལ་ཁོད་ཅིག་གསུངས་ནས་བཏང་པས་དྷ་མ་པ་དང་གཉིས་ནུབ་ཕྱོགས་སུ་སངས་རྒྱས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་མཆོད་པ་འབུལ་ཞིང་བྱོན་པས། གཞོན་ནུ་ཀརྟི་ཀའི་སློབ་དཔོན་འབྱོན་པའི་ཟིལ་མ་བཟོད་ནས། བྲམ་ཟེ་གཞོན་ནུ་གཉིས་སུ་སྤྲུལ་ཏེ་ཁྲི་སྙན་ས་ལེའི་ལྤགས་པས་ཚངས་སྐུད་ཀུ་ཤ་ར་དུང་དང་བཅས་ནས་བྱུང་སྟེ། སློབ་དཔོན་གྱི་གདོང་བརྩད་ནས་གང་ནས་འོང་། གང་དུ་འགྲོ། ཅི་དོན་དུ་གཉེར་ཟེར། རྒྱ་གར་ཤར་ཕྱོགས་ནས་འོང་། སོ་ཝ་ན་ཐར་འགྲོ། གཞོན་ནུ་གདོང་དྲུག་པ་འདུལ་བཟླས་པས། ཁོ་འདོད་པའི་ཁམས་ན་དབང་ཆེ་བ་ཡིན། ཉུལ་ལེ་མངོན་ནས་འོང་། ཁོ་ཤར་ལུས་འཕགས་པོར་སོང་ཟེར། ཚངས་པའི་འཇིག་རྟེན་དུ་སོང་ཡང་སྐད་ཅིག་ལ་ཕྱིན་ནས་འདུལ་བ་ཡིན་བཟླས་པས། ཁྱེད་སངས་རྒྱས་པ་སྙིང་རྗེ་ཆེ་བ་ཡིན་ན་རུང་ངོ་། །དེའི་ཕྱིར་སྲོག་ཆགས་མང་པོའི་དོན་དུ་འདུལ་བ་ཡིན་