R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 70
[A:70]བཟླས་པས། རང་གཟུགས་བསྟན། སློབ་དཔོན་གྱི་ཞབས་སྤྱི་བོར་བླངས་ཏེ། ཅི་གསུང་དམ་ལས་མི་འདའ་བས་རྗེས་སུ་འཛིན་པར་ཞུ་ཞུས་པས། གནས་དེར་གཙུག་ལག་ཁང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་གྱི་གང་བ་གཅིག་བཞེངས། དེའི་སྒོ་གོང་དུ་ངའི་སྐུ་འདྲ་བག་གཅིག་བྱས། དགེ་འདུན་བརྒྱ་ཕྲག་རེའི་ཞབས་ཏོག་བསྐལ་པའི་བར་དུ་བསྒྲུབ། མཆོད་པའི་སྲོག་ཆགས་རྣམས་ཚེ་ཐར། ཡན་དུ་འཇུག དཀར་གསུམ་མངར་གསུམ་གྱི་ཕུད་གསུམ་ཆས་སངས་རྒྱས། སུམ་ཆས་ཁྱོད་ལ་མཆོད་པ་འབུལ། སྨན་པ་རྣམས་སྡུག་འཕོང་དང་བྱ་ཁྱི་ལ་སོགས་ལ་ལོངས་སྤྱོད་དུ་འཇུག་ན་བཞག་བཟླས་པས། དེ་ལྟར་ཁས་བླང་དམ་བཅའ་སྟེ། ཁོ་སྐད་ཅིག་ལ་རང་གི་གནས་སུ་སོང་ནས། སང་ཐོ་རངས་ཁོ་རང་གི་ཡོན་བདག ནུབ་ཏི་ཤ་ལའི་རྒྱལ་པོ་ལ་རང་གཟུགས་བསྟན་ནས་འདི་ལྟར་མི་འགྲུབ་ན། ཁྱོད་མངའ་རིས་དང་བཅས་པ་མྱུར་དུ་བརླག་པར་འགྱུར་རོ། །ཞེས་བཟླས་པས། རྒྱལ་པོ་ཙནྡྲ་དེ་ཝས་ཟླ་བ་དྲུག་ལ་དེ་ཐམས་ཅད་བསྒྲུབ་པ་ཁས་བླང་། དམ་བཅས་སོ། །སློབ་དཔོན་གནས་དེར་བྱོན་པ་ལ་རྒྱལ་པོ་འཁོར་དང་བཅས་པས་བསུ་བ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། ཞབས་སྤྱི་བོར་བླངས། ཡབ་ཡུམ་སྲས་ལྕམ་ཐམས་ཅད་རྡོ་རྗེ་ཐེག་པའི་སྒོ་རུ་ཞུགས་ཏེ། སྔར་ཁས་བླངས་པ་ཐམས་ཅད་དུས་ལ་བསྒྲུབས། དྷརྨ་པ་ལ་མན་ངག་གི་བཀའ་ལུང་བསྒྲུབ་པའི་ལུང་གིས་བར་ཡོངས་སུ་རྫོགས་པར་གནང་ནས། འདི་རྣམས་ཀྱི་ངོ་སྤྲོད་ཉམས་ལེན་གགས་སེལ་བོགས་འདོན་ལ་བཟློའི་གནད་རྣམས་ནག་པོ་པའི་དྲུང་དུ་སོང་ལ་ཞུས། ཤར་ཕྱོགས་ཀྱི་སེམས་ཅན་རྣམས་རྡོ་རྗེའི་ཐེག་པ་ལ་