R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 73
[A:73]གཟབ། ཞབས་སྤྱི་བོར་བླངས་རྗེས་སུ་འཛིན་པར་ཞུས་པས་དབང་བསྐུར་གདམ་པའི་བཤད་ཁྲིད་གནང་། རྒྱལ་སྲིད་སྲས་པོ་ཆེ་བ་ལ་བཏད་དེ་ཤར་མཁའ་འགྲོ་མཉེས་པའི་བྲག་ཕུག་ཏུ་བསྒྲུབས་པས་མངོན་ཤེས་རྫུ་འཕྲུལ་བརྙེས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པར་གསང་སྤྱོད་བསྐྱངས་ཏེ་འཁོར་འདས་རོ་མཉམ་པ། སླར་ཕོ་བྲང་གཉིས་པར་སྦས་པའི་རྣལ་འབྱོར་གྱིས་གཉིས་སྤངས་ཀྱི་སྤྱོད་པ་བསྐྱངས་པས་ཨ་ཝ་དྷཱུ་ཏི་པའོ། ། རྣལ་འབྱོར་གྱི་དབང་ཕྱུག་དྷ་མ་པའི་གསུང་གིས་ཤར་བྷཾ་ག་ལའི་རྒྱལ་པོ་རུ་པ་ཙཎྜ་ཨཀྵེའི་ཡི་གེ་བ་ཆེན་པོ་ག་ཡ་དྷ་ར་པ་ཏ་སི་ཞེས་པ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་སྔགས་མཚན་ཉིད་ཐམས་ཅད་ཀྱི་བདག་པོ་དེའི་རྒྱུད་བྱིན་གྱིས་རློབས་ཤིག་གསུངས་ཏེ། ཁྱེད་མན་ངག་ཞུས་ནས་ཉམས་སུ་ལེན་པའི་དུས་ལ་བབ་ན་ང་ཅན་ཤོག་ཟེར་བའི་ཡི་གེ་བསྐུར་བའི་ཕོ་ཉ་མངགས་པས། རང་གི་མཚན་བལྟས་བཟང་པོ་དང་མཐུན་ཏེ། ཨ་ཝ་དྷུ་ཏི་པའི་དྲུང་དུ་འོང་། མཇལ་ཕྱག་དང་བསྙེན་བཀུར་སྔོན་དུ་འགྲོ་བས། ཞབས་སྤྱི་བོར་བླངས། རྗེས་སུ་འཛིན་པར་ཞུས་པས་བཀའ་ཡིས་གནང་། དབང་བསྐུར་མན་ངག་གི་བཤད་ཁྲིད་གནང་། བསྒྲུབ་པའི་ལུང་སྦྱིན། སྦས་པའི་རྣལ་འབྱོར་གྱིས་བསྒྲུབས་པས་འཁོར་འདས་རྨི་ལམ་སྒྱུ་མར་རྟོགས། སྦྱིན་སྲེག་གི་ཐབ་ཏུ་དཀྱིལ་འཁོར་ཡོངས་རྫོགས་གཟིགས་པས། ཕྲིན་ལས་བཞི་ལ་ཐོགས་པ་མེད། རྡོ་རྗེ་དྲིལ་བ་ནམ་མཁའ་ལ་འཇོག ནམ་མཁར་སྐྱིལ་ཀྲུང་འཆའ། འཕོ་བ་དང་གྲོང་འཇུག་འབྱོངས་པས་པཎྜི་ཏའི་རྣལ་འབྱོར་པ་ཆེན་པོ་ག་ཡ་དྷ་ར་པ་སི། རྒྱལ་པོ་ཆེན་པོ་གཉིས་སྤང་པའི་གསུང་གིས་