R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 74
[A:74]ཁར་ས་པ་ཎིའི་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་བོད་ཀྱི་ལོ་ཙཱ་བ་ཆེན་པོལོ་ཧི་ཏའི་འགྲམ་ན་རྒྱལ་པོའི་བླ་མཆོད་དུ་གྱུར་པའི་རྒྱུད་བྱིན་གྱིས་རློབས་ཤིག་གསུངས་ནས་པཎྜི་ཏ་ག་ཡ་དྷ་རས་དྲིས་པས། འབྲོག་མི་ལོ་ཙཱ་བ་ཡིན་པར་དགོངས་ཏེ། མུ་གུ་ལུང་དུ་བྱོན་ནས་བརྟགས་པས་ངེས་ཤེས་སྐྱེས་ནས་ལོ་ཙཱ་བ་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེསམི་བསྐྱོད་རྡོ་རྗེ་ལ་སྙན་རྒྱུད་བཞིས་གདམས། དེས་སེ་སྟོན་ཀུན་རིག་ཞེ་སྡང་རྡོ་རྗེ་ལ། དེས་ཞང་སྟོན་ཆོས་འབར་རོལ་བའི་རྡོ་རྗེ་ལ། དེས་བླ་ཆེན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མི་བསྐྱོད་རྡོ་རྗེ་ལ། དེས་རྗེ་བཙུན་རྩེ་མོ། དེ་ནས་རྗེ་པ་ཁུ་དབོན་ལ། དེས་འཕགས་པ་བློ་གྲོས་རྒྱལ་མཚན་ལ། དེས་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་གཞུང་ཤིང་གི་ཁྲིད་བཀའ་བབས་ཀྱི་ཐ་མ་སྤྲང་པོ་ཆ་རྒན་ལའོ། །ཆོས་ཁུངས་བཙུན་ཤིང་རྗེས་འཇུག་གི་སྤྲོས་པ་བཅད་པའི་ཕྱིར། ལོ་རྒྱུས་འདྲ་མིན་དུ་མ་དང་། །བླ་མ་གྲོགས་མཆེད་གོང་མ་ཡི། །གསུང་དང་གདམས་ངག་ཐོར་བུ་ལས། །རྨོངས་པ་ཆ་རྒན་ཞེས་བྱ་བས། །ལྷག་པོ་སྤངས་ཤིང་ཆད་པ་བསབ། །འཁྲུགས་པ་སྡེབས་ཏེ་ལོ་རྒྱུས་འདི། །ཤིང་འབྲུག་སྣྲོན་ཟླའི་ཡར་ཚེས་ལ། །གཟིམ་ཁང་རིན་ཁང་གོང་མ་ཡི། །འགྲོ་མགོན་ཆོས་རྒྱལ་རིན་པོ་ཆེའི། །སྐུ་འདྲའི་དྲུང་དུ་བྲིས་པ་དགེ །ནོངས་འཁྲུལ་བཤགས་ཤིང་དགེ་བ་བསྔོ། །ཀུན་གྱིས་ཀུན་མཁྱེན་མྱུར་ཐོབ་ཤོག །དགེའོ།། །།