R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 2
[A:2]བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །གང་ཞིག་ཕྱི་ནང་གསང་བ་མཐར་ཐུག་རྟེན་འབྲེལ་དེ་ཁོ་ན། །སོར་འཕྲེང་ཅན་དང་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཆང་། །དཔལ་ལྡན་བླ་མ་མཚུངས་མེད་རང་གི་སེམས་ཉིད་ལྷན་ཅིག་སྐྱེས། །དབྱེར་མེད་རྟེན་ཅིང་འབྲེལ་འབྱུང་སྟོན་མཛད་དམ་པའི་ཞབས་པད་འདུད། །འབྲོག་མི་ལ་སོགས་དཔལ་ལྡན་བླ་མ་ཡི། །བོད་ཀྱི་ལོ་རྒྱུས་གསལ་བར་མཛད་ཟིན་མོད། །འོན་ཀྱང་ཆོས་རྗེའི་གསུང་ལ་རབ་དད་ནས། །ཇི་བཞིན་བྲིས་པ་འདི་ཡང་གུས་པས་ལོང་། ། ༈ །འདིར་བླ་མ་བོད་ཀྱི་ལོ་རྒྱུསས་སྐྱ་པཎྜི་ཏའི་གསུང་ཇི་ལྟ་བ་བཞིན་བརྗོད་ན། དེའང་ཆོས་འཁོར་གྲོམ་པ་རྒྱང་ཞེས་བྱ་བ་འདི་པད་འབྱུང་གིས་རབ་གནས་རྒྱང་ནས་མཛད་པ་ཡིན་གྱི་རྣལ་མ་ནི་རྣམ་དག་སྒྲིབ་སེལ་གྱི་གཙུག་ལག་ཁང་ཞེས་སོ། །སྔོན་གྱི་རྒྱལ་