R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 21
[A:21]བྱུང་། དེའི་དུས་སུ་སྒོམ་ཆེན་སེ་རོག་གཉིས་ཀྱིས་ཁྲིད་ཞུས་ཅིང་བསྒོམས་པས་ཏིང་ངེ་འཛིན་བཟང་པོ་སྐྱེས་སྐད་དེ། ཕྱིས་གྲུབ་པ་ཐོབ་
སྟེ་ཕོ་གསུམ་གྱི་གཉིས་ཡིན་
བོ། །དེས་ན་འབྲོམ་ལས་འཕེལ་བ་མེད་དེ། འབྲོམ་ལུགས་ཟེར་བའི་ལམ་འབྲས་དེ་ནི་ཇོ་མོ་འབྲོམ་མོ་ཞེས་པ་དབུས་ཀྱི་འཕན་ཡུལ་བ་བླ་མ་ས་སྐྱ་པ་ཆེན་པོ་དངོས་ཀྱི་སློབ་མ་ཡིན་ཏེ་ལམ་འབྲས་ཡོངས་སུ་རྫོགས་པའང་མེད་ལ། དེའང་ཞི་བྱེད་དང་རྫོགས་ཆེན་ལ་སོགས་པ་བསྲེས་པས་ན་གྱི་ན་དེ་བོར་བར་བྱ་ཞིང་གཞན་ཡང་དམ་ཚིག་ཀྱང་མི་སྲུང་
ཆབ་ལྷ་ཁང་གི་ཆབ་སྟོན་ཆོས་དགའ་མདོ་སྡེས་ཞུ་རྟེན་བྱས་ནས་གསུང་ངག་ཞུས་པས་དེ་མ་བླངས་པས་རང་གི་ཆོས་ལ་འབུལ་བ་བྱུང་བ་གཅིག་འདོད་ཟེར། ཕྱིས་ཆབ་སྟོན་གྱིས་ལྷོ་བྲག་ཏུ་ཕྱིན་པས་དངུལ་སྐ་ལེགས་པ་གཅིག་འབུལ་བ་བྱུང་འདོད་ཟེར་བ་ལ་མ་ཕུལ། དཔོན་སློབ་མཐུ་རྒྱས་བྱས་གསུང་
སྟེ། འདིའི་ལོ་རྒྱུས་གཞན་ཡང་ཡོད་མོད་བཤད་ཀྱིས་ག་ལ་ལང་། གསུམ་པ་བླ་མ་སེས་གདམ་ངག་ཇི་ལྟར་ཐོབ་ན་སེའི་ཡུལ་མདོ་སྨད་ཀྱི་ཕྱི་འབྲུམས་
ལྕམ་སྲིང་ལྔའི་ལྔ་ཚིགས་
པ་ཡིན། ཁོང་
གནག་འཚོར་ཕྱིན་ཙ་ན་
གི་ཐུགས་དགོངས་ལ་རིགས་སད་པ་བཞིན་དུ། མང་གར་མུ་གུ་ལུང་གི་ཐད་སོར་སྤྲིན་ལྡིངས་པ་མཐོང་ནས། ཡ་གིའི་འོག་ནས་སངས་རྒྱ་བའི་གདམ་ངག་གཅིག་ཡོད་ངེས་སྙམ་པའི་རྣམ་རྟོག་སྐྱེས་ཏེ། ཡ་གི་ན་སུ་ཡོད་དྲིས་པས། འགའ་ཞིག་ན་རེ་འབྲོག་མི་ལོ་ཙཱ་བ་བྱ་བ་ཡོད་ཟེར་རོ། །དེ་ཐོས་པ་ཙམ་གྱིས་རབ་དུ་དད་ནས། གསེར་ཞོ་གཉིས་ཁྱེར་ནས་འོངས་པ་ན་དེའི་རེས་དབང་ཞུ་བ་འདུག་པ་དང་ཕྲད་དེ་འཁར་ཆེ་ནས་གསེར་ཞོ་གཅིག་གིས་ཁྲལ་བྱས། ཞོ་གཅིག་གིས་དབང་ཡོན་བྱས་ནས་དབང་
བསྐུར་བ་ཞུས་པས་
ཐོབ་སྐད། སྤྱིར་ནི་དེའི་དུས་ན་