R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 23
[A:23]མིག་བྲིད་པའི་ཆེད་དུ་རྩྭ་ཞག་བྱེད་ཟེར་ནས་ཞག་རེ་ཞག་གཉིས་རེ་ལ་བསྡད་ཅིང་འོངས་པ་དེ་ལྟ་བུ་ལན་མང་དུ་བྱས་པའི་རྗེས་ལ། གནག་ཚོ་དེད་ནས་ལྷ་རྩེ་ཀོ་ཁ་རུ་གྲུ་བ་ལ་སྒྲོལ་བྱས་པས་གནག་གསུམ་གསུམ་ལ་རེ་རེ་གླ་ལ་འདོད་ཟེར། དེ་ལྟར་ན་བླ་མ་ལ་སུམ་གཉིས་ལས་དབུལ་དུ་མེ་ཡོང་བར་འདུག་སྙམ་ནས། བླ་མ་ཉིད་ལ་གསོལ་བ་བཏབ་ཆོས་སྐྱོང་ལ་གཏོར་མ་བཏང་བས། འབྲི་གྭ་མ་གཅིག་གིས་སྣ་དྲངས་ནས་ཆུ་ལ་རྒལ་ནས་སོང་། བླ་མ་ཉིད་ཀྱིས་ཀྱང་གཡག་གཅིག་གི་རྔ་མ་ལ་འཇུས་ནས་ཕྱིན་པས་ཐར་ཏེ། མུ་གུ་ལུང་དུ་
སྔར་གྱི་འབྲི་མོ་དེས་སྣ་དྲངས་ནས་མུ་གུ་ལུང་དུ་ཟང་སོང་དེར་
བླ་ཆེན་གྱི་ཕྱག་ཏུ་ཕུལ་བས། བླ་ཆེན་གྱི་ཞལ་ནས་ཁྱོད་ཀྱི་འབུལ་བ་འདི་ཆེན་པོ་མིན་ཏེ། འོན་ཀྱང་ང་ཡུལ་ཕུ་གསུམ་འཛིན་པ་ལ་དམར་གསུང་ནས། གདམ་ངག་ཀྱང་ཅི་རིགས་པར་གནང་ངོ་། །དེ་ལྟར་ན་ཞབས་ཐོག་ཆེན་པོ་མིན་ལུས་ངག་གི་སྤྱོད་ལམ་ཤིན་ཏུ་མཁས་ཤིང་གུས་ལ། མི་ཕྱེད་པའི་དད་པ་ཆེན་པོས་མཉེས་པར་བྱས་ཏེ། སྔར་ལོ་བདུན་ཕྱིས་ལོ་བཅུ་སྟེ་བཅུ་བདུན་དུ་བསྟེན་པས་གསུང་ངག་མ་ལུས་པར་ཐོབ། དུས་ཕྱིས་བླ་མ་སེ་ཡུལ་ན་བཞུགས་ཙམ་ན། ཇོ་སྲས་ཆེ་ཤོས་ཨིནྟྲ་བྱང་གཡག་དང་མུས་པ་ཚེ་འཁྲོག་བལྟ་གསུངས་ནས་མདོག་ཏུ་བྱོན་པ་ལ། བསྙེན་བཀུར་ཆེན་པོ་མཛད་ནས་ལོ་རྒྱུས་མཛད་པས། རྡོ་རྗེ་ཚིག་རྐང་གི་སྨད་ཚོ་ཁུངས་ཆོད་ནས་རྟ་གཅིག་ཕུལ་ནས་ཟིན་ཐུན་བྱས་ཏེ། ཚར་བའི་རྗེས་ལ་ཇོ་སྲས་ན་རེ་སེ་ལ་ཨ་པོ་ངའི་སྙིང་བཏོན་པ་སྙམ་བྱེད། ཉིད་རང་གི་རྟ་ཁྱེར་ལ་ངའི་ཆོས་ཚུར་འོར་དང་གསུངས་པ་ལ། སེ་ན་རེ་ཁྱེད་ཡབ་སྲས་ལ་འདི་འདྲའི་ལུགས་གཅིག་ཡོད་པ་