R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 35
[A:35]ལགས་བྱས་པས་འོ་ན་སོང་གསུངས་ནས། དེ་ནས་བླ་མས་
ཇ་སྒྲོ་བ་གང་། དར་ཡུག་སེར་པོ་གཅིག་ཁྲབ་གཅིག བསྣམས་ནས་
སག་ཐང་དིངས་སུ་རྗེ་དགོན་པ་བའི་སྤྱན་སྔར་བྱོན་ནས་མཇལ་བར་ཞུས་པས། རྗེ་དགོན་པ་བ་དེ་སྦས་པའི་རྣལ་འབྱོར་པ་ཡིན་ཏེ། རྟེན་རབ་ཏུ་བྱུང་བ་ཡིན་ཡང་ར་ཐུལ་གཅིག་གྱོན་ནས་
ཡོ་ག་གཅིག་ཡོག་གིན་འཕོ་ལེ་བའི་གསེབ་ན་གཏམ་ཆལ་ཆོལ་མང་པོ་ཟེར་གྱིན་འདུག་པ་
བྱོན་
བྱུང་
པ་ལ། ཁྲབ་གཅིག་གིས་ཕྱག་རྟེན་མཛད་ནས་གསུང་ངག་ཞུས་པས། རྗེ་ཞང་ན་རེ་ཁྱོད་ནོར་བ་མ་ཡིན་ནམ། ངས་ནི་ཁྱོད་འདོད་པའི་ཆོས་ཀྱང་མི་ཤེས། ཁྱེད་གསང་སྔགས་གསར་མ་བ་བྱ་བ་རྣམ་རྟོག་ཆེ་བ་ཡིན། ངེད་རྫོགས་ཆེན་རྩ་མུན་ཏི་དང་བྲམ་ཟེ་སྐོར་ལ་སོགས་པ་བཤད་པ་ཡིན་གསུངས་ནས་མ་གནང་། ཡང་ནས་ཡང་དུ་ཞུས་པས་ངས་མི་ཤེས་གསུངས་ནས་མ་གནང་བ་ལ། བླ་མ་ཆེན་པོའི་ཐུགས་དགོངས་ལ་འོ་ན་མི་ཤེས་པ་རང་ཡིན་ནམ་སྙམ་ནས་ཡར་ལོག་ནས་བྱོན་པ་དང་།
ཇོ་སྲས་
འོད་མཆོག་གི་ཕ་ན་རེ། རྗེ་ཞང་ལ་དང་པོ་རྗེ་འཁར་ཆུང་བ་སྒྱི་ཆུ་བའི་གྲྭ་པ་གཅིག་ལ་ངའི་བླ་མའི་སྲས་གཅིག་ཡིན་གསུངས་ནས་པང་དུ་བླངས་ཏེ་སྤྱན་ཆབ་ཕྱུང་ནས། མི་གསོན་ཤི་མི་ཕྲད་ཟེར་ཏེ་ཕྲད་པའི་དུས་བྱུང་ད་རྒད་པོ་གོག་པོ་འདིའི་ནང་ན་ཆོས་ཡོད་པས་མྱུར་དུ་ཤོག་གསུང་བའི་ཇོ་སྲས་དེ་འདྲ་ན་བྱས་པས། རྗེ་ཞང་ན་རེ། འོ་ན་དམ་ཚིག་གི་ཉེས་པ་བྱུང་པ་སྲིད་པས་
ཡིན་ན་
མར་ཟློག་
མིན་ན་ཁོ་རང་ཐོང་
གསུང་ནས་འོ་ལུ་ནས་བཟློག་སྟེ། ལོ་རྒྱུས་ཞིབ་ཏུ་གསུང་གླེང་མཛད་ནས།
རྗེའི་ཞལ་ནས་ད་ཅི་ངོ་མ་ཤེས་པར་བརྫུན་བྱས། ད་སྔར་ལམ་འབྲས་བཤད་པའང་མེད་པས་ཆོས་ཀྱང་ག་ན་ཅི་འདུག་བལྟ། ཉིད་རང་དང་དུས་ཆོས་མ་ཆག་པར་བཤད་པ་ལེགས་པས་ཕར་