R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 36
[A:36]སོང་།
ད་ལྟ་འདི་ན་པན་ཆེན་དང་པན་ཆུང་དང་མར་ལོ་ལ་སོགས་པ་ཆོས་འཁོར་བྱེད་པའི་
མར་ལོ་རིན་ཆེན་བཟང་པོ་དང་ཁ་ཆེ་པན་ཆེན་པཎ་ཆུང་སྤྱན་དྲངས་
དུས་སུ། སྒོམ་ཆེན་པའི་ཉན་བཤད་ཚུལ་དང་མི་མཐུན་པས། སང་ཕོད་དགུན་སྤྱོན་ཆོས་ཚོ་ལེགས་པར་ཚར་བ་བགྱི་གསུངས། དེས་ན་བླ་ཆེན་གྱི་ཞལ་ནས་འོད་མཆོག་གི་ཕ་འདི་ང་ལ་དྲིན་ཆེ་གསུངས་སོ། །དེ་ནས་ཡར་བྱོན་ཏེ་ཕྱིས་དགུན་དིངས་སུ་བྱོན་ནས་དབང་བསྐུར་བ་ཞུས། གསུང་ངག་ཉན་པའི་སྔོན་དུ་མཎྜལ་དང་ཡི་གེ་བརྒྱ་པའི་ཁྲིད་ལེགས་པར་ཚར་ནས། ནང་པར་གསུང་ངག་གསུང་བའི་ནུབ་མོ་རྗེ་ཞང་གི་ལྗགས་བསྙུང་ནས་ཆོས་གསུང་བ་མ་བྱུང་བ་ལ། རྗེའི་ཞལ་ནས་འུ་ཅག་གཉིས་ཀྱི་བར་ན་དམ་ཚིག་གི་ཟེལ་གཅིག་ཡོད་པར་འདུག་པས་ད་དུང་ཡི་གེ་བརྒྱ་པ་ཐོན་གསུངས། བླ་མའི་ཐུགས་དགོངས་ལ་གཞན་ནི་ཉེས་པ་མེད་སྔར་ཞུ་བའི་དུས་སུ་ངེད་རྫོགས་ཆེན་པ་ཡིན་ལམ་འབྲས་མི་ཤེས་གསུངས་པ་ལ། འོ་ན་མི་ཤེས་སམ་སྙམ་པའི་རྟོག་པ་གཅིག་བྱུང་བས་དེས་ཉེས་སམ་དགོངས་ནས་དེ་ལ་དམིགས་ཏེ་ཡི་གེ་བརྒྱ་པ་བཏོན་པས་བླ་མའི་ལྗགས་བསྙུང་བ་དེ་དངས་ནས། ཆོས་གསུང་བའི་དུས་སུ་
ཡི་གེ་ནི་མེད་
དཀའ་བའི་གནས་འགའ་ཞིག་ལ་རྡོ་བའི་རྩེ་མོས་ཕྱག་ལ་ཟིན་བྲིས་བྱས་པས་རྗེའི་ཞལ་ནས།
སྙན་རྒྱུད་ཟབ་པོ་ལ་
དེ་རྩུག་མ་མཛད་ཐུགས་དམ་ལ་གནོད་པ་ལགས་གསུངས་ནས་མ་གནང་། དེ་ལྟར་སྡོམ་པས་ལོ་བཞིའི་བར་དུ་གསུང་ངག་རིན་པོ་ཆེ་རྩ་བ་དང་ཡན་ལག་དང་བཅས་པ་ཡོངས་སུ་རྫོགས་པར་བླ་མ་བརྒྱུད་པའི་དམ་ཚིག་གི་རིམ་པ་ལ་དགོངས་ནས་གནང་སྟེ། དེའི་རྗེས་ལ་ལམ་བསྡུས་ཏེ་བསྒྲུབ་པའི་ལུང་སྦྱིན་པ་མཛད་ནས། བཀའ་རྒྱ་བཏབ་