R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 37
[A:37]པ་ནི་ལོ་བཅོ་བརྒྱད་ཀྱི་བར་དུ་ཆོས་འདི་གཞན་ལ་སྟོན་པ་ལྟ་ཞོག་གི་ངས་ཤེས་ཞེས་པའི་མིང་ཙམ་ཡང་བསྟན་པར་མི་བྱའོ། །དེ་ནས་ལོ་བཅོ་བརྒྱད་ལོན་ནས་གཞན་ལ་འཆད་དམ། ཡི་གེར་བྲིའམ་ཉིད་རང་ཆོས་ཀྱི་བདག་པོ་ཡིན་པས་ཅི་བྱེད་ལ་རག་
ཆོས་འདི་ལ་བདག་པོ་གཅིག་དགོས་སྙམ་སྟེ་ཁྱོད་བྱུང་ད་བློ་བདེ་
གསུངས། སྤྱིར་ཁྱོད་ཀྱི་སྒྲུབ་པ་གཙོར་བྱས་ན་ཚེ་འདི་ཉིད་ལ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་
རྣལ་འབྱོར་དབང་ཕྱུག་ཙམ་གཅིག་འོང་བ་ཡིན་
ཐོབ། ཉན་བཤད་བྱས་ན་གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་འགྱུར་མོད་ཀྱི། འོན་ཀྱང་
ཁྱོད་ལ་
ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་མ་གསུམ། བཟོད་པ་ཐོབ་པའི་རྣལ་འབྱོར་པ་བདུན་འབྱུང་ཞེས་པའི་ལུང་བསྟན་ནོ། །དེ་ལྟ་བུའི་བླ་མ་ཞང་དེ་ལ་ཡོན་ཏན་གྱི་ཁྱད་པར་ཏིང་ངེ་འཛིན་དཔག་ཏུ་མེད་པ་མངའ་ཞིང་མངོན་པར་ཤེས་པ་བརྟན་པོ་ཡོད། བྱ་དང་རི་དྭགས་གཉིས་ནས་གསུམ་ལ་སོགས་པར་སྤྲུལ་བའི་རྫུ་འཕྲུལ་ཡང་ཅི་རིགས་པ་མངའ་སྟེ། ལུས་ཀྱི་བཀོད་པ་འགའ་ཞིག་བླ་ཆེན་གྱིས་ཀྱང་གཟིགས་སྐད་
དེ་སྐུ་ལུས་བདུན་ཙམ་དུ་སྤྲུལ་ནས་ངས་ཀྱང་བསྒོམས་མ་བྱུང་སྟེ་འདི་ཙམ་ཡོད་གསུང་། གཞན་མི་རྒྱུད་ལ་སོགས་པ་འདི་ལྟར་འབྱུང་ཞེས་པའི་ལུང་བསྟན་ཡང་མཛད
བླ་ཆེན་གྱིས་སག་སྟོན་དང་ཞང་པོ་སྟོན་པ་ལ་སོགས་པ་ལའང་གསུང་ངག་གསུང་བར་ཞུ་བྱས་པས། སག་སྟོན་ཤམ་པ་སྣོད་ཡིན་ཞང་པོ་སྟོན་པ་སྣོད་དུ་རུང་བ་ཙམ་འདུག་སྟེ་ཞུར་མི་འདོད་འདུག ཁྱེད་ཀྱིས་ཞུས་གྱིས་དང་གསུང་ནས་རྗེ་ལ་གདམ་ངག་ཁྱད་པར་ཅན་འདུག་པ་ཞུས་བྱས་པས། ཤེས་ཟིན་བརྗེད་ཟིན་ད་མི་ཞུ་ཟེར་མ་ཉན། དེ་ནས་བླ་ཆེན་གྱིས་
ཡར་བྱོན་ནག་སྟོན་ལ་རྩ་བ་ཅན་ནུབ་མོ་བཞུགས་པས་ཁོང་ན་རེ། ཁྱོད་སྒྱི་ཆུ་བའི་གྲྭ་པ་བརྒྱ་བཅུ་ན་དགའ་བ་གཅིག་ཞང་ཆུང་བ་ལ་