R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 38
[A:38]ཉན་པ་ཟེར་བས། སྙན་བཀབ་
ནས་
དེ་སྐད་མི་གསུང་བར་ཞུ། བདག་རང་ལ་དགོངས་པ་གཅིག་བདོག་གིས་གསུངས། ཕྱིས་བླ་མ་སྐུ་གཤེགས་ཁར་ས་སྐྱ་བ་བོས་ལ་ཤོག་གསུངས་ནས་མི་བཏང་བས་བླ་ཆེན་གྱིས་ཀྱང་རིངས་པར་བྱོན་ཏེ། དིངས་ཀྱི་ཕུར་སླེབ་ཙམ་ན་སྤང་དུག་པས་བླ་མ་དབུ་བསྙུང་ནས་དེར་ནུབ་མོ་བསྡད། ནང་པར་བྱོན་ཙམ་ན་དེའི་ནུབ་མོ་སྐུ་གཤེགས་ནས་འདུག དེ་ནས་གདུང་བཞུ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་རྣམས་ཚར་ནས། ཕྱག་དཔེ་ཀུན་མ་གཟིགས་པར་གདུང་བཞུགས་པའི་
བླ་མ་ཞང་གི་མ་གཅིག་ན་རེ། ཨ་པོ་བྱ་བ་འདི་འདྲ་ལ་དགའ་བ་ཡིན་ཁྱེར་ཟེར་ནས་ཤོག་ཀ་ལི་གཅིག་ན་ཆོས་བྲལ་བྲུལ་མང་རབ་གཅིག་གཏད་ནས་བལྟས་པས་རྩ་གནས་འདིར་རླུང་སེམས་འདུས་ན་ཉམས་འདི་འབྱུང་ཞེས་པའི་རྡོ་རྗེ་ལུས་ཀྱི་གནས་ལུགས་སྟོན་པའི་དཔེ་འདུག་སྟེ། སྔར་མ་གནང་བའི་ཆོས་བྱུང་ན་བླ་མ་ལ་མ་གུས་པ་སྐྱེས་ཀྱིས་དོགས་ནས་དར་ཡུག་སེར་པོ་གཅིག་གིས་དྲིལ་ནས་
མཆོད་རྟེན་དུ་བཞུགས་སྐད། རྗེ་དགོན་པའི་ལུང་བསྟན་དང་བླ་མ་སྒྱི་ཆུ་བ་ལ་དབང་བསྐུར་ཞུས་པའི་སྟ་གོན་གྱི་ནུབ་མོའི་མནལ་ལམ་གཉིས་མཐུན་པར་བྱུང་སྟེ། དེ་ཡང་སྟ་གོན་གྱི་དུས་སུ་མནལ་ལམ་དུ་ཆུ་བོ་ཆེན་པོ་གཅིག་ལ་
སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་མཚོ་དམར་པོ་གཅིག་
ཟམ་པ་གསུམ་འདུག་པ་ལ་བསྒྲལ་རྒྱུ་མི་མང་པོ་འདུག་པའི་ཚུ་རོལ་ནས་ངེད་ཅག་ཆུ་འདི་ལས་བསྒྲལ་བར་ཞུ་ཟེར་བ་ལ། བླ་ཆེན་གྱིས་མི་མང་པོ་གཅིག་ཟམ་པ་གཅིག་ལ་བསྒྲལ། ཡང་མི་བདུན་ཙམ་ཟམ་པ་གཉིས་ལས་བསྒྲལ། མི་གསུམ་ཟམ་པ་གསུམ་ཀའི་ཕ་རོལ་དུ་བསྒྲལ་བ་དང་ཅུང་ཟད་བསྙེལ་ཏེ་
མ་ལ་ཡའི་རི་ཡིན་ཟེར་བ་གཅིག་ལ་
ཉི་མ་ལ་ངལ་བསོ་བ་སྙམ་བྱེད་པ་གཅིག་རྨིས་ནས་བླ་མ་སྒྱི་ཆུ་བ་ལ་ཞུས་པས་ཁོང་གི་ཞལ་ནས། ཁྱོད་ཀྱི་འཁོས་ཀས་མི་གསུམ་