R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 45
[A:45]དོགས་མེད་གསུངས། ཡང་གོག་ཐུལ་ཐུལ་བའི་དུས་ན་ས་ལ་ཕྱག་མཛུབ་ཀྱིས་ན་ག་ར་དང་ལན་ཚ་ལ་སོགས་པའི་རྒྱ་ཡིག་བྲིས་ཀྱིན་ཀློག་པའི་ཚུལ་མཛད་ཀྱིན་བསུབས་ཀྱིན་གཏོང་བ་བྱུང་གསུངས། རྒྱ་ཡིག་བོད་ཡིག་གཉིས་མ་བསླབས་པར་སྔ་མོར་ཤེས་འདུག་ཏེ། ཐོག་མར་འདི་ཤེས་དྲན་པ་མི་འདུག་གསུངས
། བག་རེ་ཤེས་པར་ནུས་ཞེས་ཐོས་སོ། །གཞན་ཡང་སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་ཀུན་གྱི་ཡིད་དུ་འོང་སྟེ་ཞི་བ་དང་། དུལ་བ་དང་ངང་རྒྱུད་བཟང་བ་དང་། འཇམ་པ་དང་རན་པར་སྨྲ་བ་ཡིད་གཞུངས་པ་དང་། ཡོན་ཏན་ལ་ཆེད་ཆེར་འཛིན་པ་དང་། བླ་མ་དང་རྒན་རིམ་ལ་གུས་པ་དང་ཞེ་ས་དང་རིམ་གྲོ་ཆེ་ཞིང་དབང་པོ་མི་རྒོད་པ་དང་། སེམས་ཅན་ལ་སྙིང་བརྩེ་བར་གྱུར་ཏོ། །དེ་ནས་ཆེར་སྐྱེས་པ་དང་ཡི་གེའི་རིགས་དང་རྒྱ་ཀློག་དང་བོད་ཀློག་དང་རྩིས་ཀྱི་བྱེ་བྲག་དང་། གསོ་སྤྱད་དང་རི་མོ་ལ་སོགས་པ་བཟོའི་བྱེ་བྲག་སྣ་ཚོགས་པ་དག་མ་བསླབ་པར་ཕུལ་དུ་བྱུང་བ་མཁྱེན་ནས་འཇིག་རྟེན་པ་ཀུན་ངོ་མཚར་དུ་གྱུར་ཅིང་ཀུན་གྱིས་སྔགས་སོ། །དེ་ནས་ཆོས་ཀྱི་རྗེ་དེ་ཉིད་ལ་ཡབ་མེས་ཀྱི་ཆོས་ཐམས་ཅད་ལེགས་པར་གསན་ཞིང་ཐུགས་སུ་ཆུད་པར་མཛད་ནས་དགུང་ལོ་དགུ་ལོན་
བརྒྱད་པ་ཟེར་
པ་ལ་མཚོ་སྐྱེས་གསུངས། བཅུ་གཉིས་པ་ལ་བརྟག་གཉིས་གསུངས། བཅུ་བཞི་པ་ལ་སཾ་བྷུ་ཊི་གསུངས།
བཅོ་ལྔ་ལོན་པ་དང་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་
སློབ་གྲྭའི་སྐྱེ་བོ་ཕལ་པོ་ཆེ་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེ་ནས་བཟུང་སྟེ་གཞུང་ཆེན་པོ་རྣམས་ཀྱང་ཇི་ལྟ་བ་བཞིན་གསུངས་པས་རང་གི་སློབ་མ་རྣམས་ལ་བློ་གྲོས་ཀྱི་མིག་རྣམ་པར་བརྩལ་ཏོ། །དེ་ནས་དགུང་ལོ་བཅོ་བརྒྱད་པའི་དུས་སུ་མནལ་ལམ་དུ་ས་སྐྱའི་ལྟག་གི་བླ་ཆེན་གྱི་ཡུམ་གྱི་མཆོད་རྟེན་གྱི་དྲུང་དུ་