R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 46
[A:46]སློབ་དཔོན་དབྱིག་གཉེན་ཡིན་ཟེར་བའི་དགེ་སློང་སྔོ་བསངས་དར་ཡོལ་བ་གཅིག་ལ་ཆོས་མངོན་པ་མཛོད་ཚར་གཅིག་གསན་སྐད། ཡང་དུས་གཞན་ཞིག་ཏུ་མནལ་ལམ་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཕུག་ཡིན་ཟེར་བ་གཅིག་ཏུ་བྱོན་ནས་ཚད་མའི་པོ་ཏི་མང་པོ་འདུག་པ་འདི་དག་གི་སྒོའི་ལྡེ་མིག་
ཁྱོད་ལ་
གཏོད་ཟེར་བ་དང་།
ཐོག་མར་ཀུན་ལས་བཏུས་བལྟ་སྙམ་ཙ་ན། གཅིག་གིས་ཐེན་པ་གཅིག་བྱས་པས་མནལ་སད་དེ། ཕྱིས་མཐའ་འཁོབ་ཏུ་གཤེགས་པ་ལ་བལྟ་གསུངས།
དེའི་རྗེས་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་སོ། །དེ་ནས་དགུང་ལོ་བཅུ་དགུ་པའི་དུས་སུ་འཕྲང་དུ་དགེ་བཤེས་ཞུ
རྟུལ་
ལ་བྱམས་ཆོས་དང་། ཚད་མ་ཅུང་ཟད་གསན་ནོ། །དགུང་ལོ་ཉི་ཤུ་པའི་དུས་སུ་ཉང་སྟོད་རྐྱང་ཐུར་དུ་དགེ་བཤེས་མཚུར་སྟོན་གཞོན་ནུ་སེངྒེ་ལ་རྣམ་ངེས་སྟོད་ཚར་བཞི་སྨད་ཚར་གཉིས་གསན་པས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས། རྐྱང་ཐུར་ན་བཞུགས་ཙ་ན་ཡབ་སློབ་དཔོན་གཅུང་སྐུ་བསྙུང་ནས་ཡར་བྱོན་པ་དང་སློབ་དཔོན་གཅུང་སྐུ་གཤེགས་རྗེས་ཀྱི་བྱ་བ་ཅི་རིགས་པ་
མཚུད་པ་ཆོས་ཞག་འགའ་འཐེན་པར་ཞུས་པས་གྲྭ་པ་རྣམས་འཛུགས། ཁྱད་པར་དུ་ཡ་མ་སྟག་ཐེང་འཛུགས་པས་ཇོ་སྲས་ས་སྐྱ་བས་གྲྭ་པ་མཆོག་ན་ཉེད་ཙོ་འགྱེས་སོ། དེ་མིན་ན་ཆོས་ཤོད་ཟེར་ནས་བཤད་
མཛད་དེ། དེའི་རྗེས་སུ་ཡོ་བྱད་མང་པོ་བསྣམས་ནས་རྐྱང་ཐུར་དུ་བྱོན་ཙ་ན་དབྱར་ཆོས་བ་འཁོར་དུ་བྱུང་ནས་དེར་རྣམ་གཞག་རྒྱ་ཆེན་པོ་མཛད་བཀའ་རྒྱས་འབྲིང་གསུམ་ཕུལ་ནས།
ཆོས་དབུ་ནས་བསྐྱར་རམ་གསུངས་པ་ལ་མི་འཚལ་ཟེར་ནས་
རྣམ་ངེས
དབུ་དང་
གཞན་དོན་ནས་དབུ་བཙུགས་ཏེ་ཉིན་རེ་ལ་ཆོས་ཐུན་གཉིས་གཉིས་བཤད་ནས་གཞུང་དབུ་ཞབས་རྫོགས་པར་ཚར་གཅིག་ཐུགས་ལ་གསུངས་
པས་ཐམས་ཅད་ངོ་མཚར་དུ་འཛིན
། དེ་ཉིད་ལ་དུས་ཕྱིས་དབུ་མ་རིགས་