R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 47
[A:47]ཚོགས་ཀྱང་གསན་ནོ། །དེ་ནས་ས་སྐྱར་བྱོན་ནས་སློབ་དཔོན་གཅུང་གི་ལྡད་ལ་སོགས་པ་རྗེས་ཀྱི་བྱ་བ་ཚར་ནས། རྐྱང་ཐུར་དུ་གསེར་མང་བ་གཅིག་གིས་སྣ་དྲངས་པའི་འབུལ་བ་སྐྱེལ་དུ་བྱོན་པའི་ལམ་ཀར། ཆུ་མིག་ཏུ་བླ་མ་ཤཱཀྱ་ཤྲཱི་དང་མཇལ་ཏེ་ཆོས་མཆོག་གསུང་བའི་འཕྲོ་ལ་སླེབས་ནས། སློབ་དཔོན་གྱིས་བོད་དཔེ་བཀྲམ་ནས་གསན་
པཎ་ཆུང་ཚོ་ཁོང་ལ་ཁྲེལ་ནས་རྒོད་
པས་བླ་མའི་ཞལ་ནས་བོད་དཔེ་བཀྲམ་པས་ཅི་ལ་ཕན་ཞེས་གསུངས་ཏེ། བླ་མས་མཚམས་ཀླག་ནས། དེའི་རྗེས་སུ་ཁྱོད་ཀློག་དང་གསུངས་པ་ལ་སློབ་དཔོན་གྱིས་བོད་དཔེ་ལ་རྒྱ་ཀློག་སཾསྐྲི་ཏའི་སྐད་ཀྱིས་ཀླག་པས་ཤིན་ཏུ་མཉེས་
ཁྱེད་ཚོ་ཅི་ལ་རྒོད་ས་སྐྱ་པ་ཁོ་རང་གིས་ཤེས་ཀྱིས་འདུག་པ་གསུང་
སྐད། དེའི་དུས་སུ་བླ་མའི་སློབ་མ་པཎྜི་ཏ་རྟོག་གེ་བ་ཆེན་པོ་དྷ་ན་ཤཱི་ལ་ལ་ཚད་མ་གསན། བལ་པོ་སཾ་གྷ་ཤྲཱི་ལ་སྒྲ་དང་ཚད་མ་རྣམ་འགྲེལ་ལ་སོགས་པ་གསན་ནོ་
ཆོས་རྗེ་པའི་ཞལ་ནས་ང་བསོད་དེ་ཆེ་བར་བྱུང་རྒྱ་གར་ཤར་ནུབ་ན་སཾ་གྷ་ཤྲཱི་བས་སྒྲ་མཁས་པ་མེད་པར་འདུག་སྟེ་དེ་ངའི་ཙར་བྱུང་བ་ཡིན་གསུང་
། །དེ་ནས་སློབ་དཔོན་གྱིས་རྐྱང་ཐུར་དུ་བྱོན་ནས་སློབ་དཔོན་ལ་སྔར་གྱི་འབུལ་བ་རྣམས་ཕྱག་ཏུ་ཕུལ་ནས་ཡར་བྱོན་པ་ན། བླ་མ་ཤཱཀྱ་ཤྲཱི་དབུས་སུ་གཤེགས་ཏེ་སློབ་དཔོན་གྱིས་པཎྜི་ཏ་སུ་གྷ་ཏ་ཤྲཱིས་སྐྱར་སྤྱན་དྲངས། སྒྲ་དང་ཚད་མ་དང་སྙན་ངག་སྡེབ་སྦྱོར་ལ་སོགས་པ་གསན་ཞིང་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་དུས་ཕྱིས་བླ་མ་ཤཱཀྱ་ཤྲཱི་གཙང་དུ་བྱོན་ཏེ་ཉུངས་ཆུང་དུ་བཞུགས་པའི་དུས་སུ་སློབ་དཔོན་ཆོས་གསན་དུ་བྱོན་པ་ལ་རབ་ཏུ་འབྱུང་བར་དགོངས་ཏེ། དེ་ལྟར་ཞུ་བའི་ཡི་གེ་རྗེ་བཙུན་གྱི་ཕྱག་ཏུ་ཕུལ་བས་གནང་སྟེ། དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་དུས་སུ་བླ་མ་ལ་