R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 48
[A:48]མཁན་པོ་ཞུས། སློབ་དཔོན་སྤྱི་བོ་ལྷས་པ་ལ་ལས་ཆོག་ཞུས། དགེ་བཤེས་ཞུས་གསང་སྡེ་སྟོན་པ་མཛད་ནས། ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་
ཟེར་ཀྱང་དེར་དབུ་སྐྲ་བཞར། ན་བཟའ་གསོལ་བ་མ་གཏོགས་པ། སྡོམ་པ་ཉུངས་ཆུང་དུ་བླངས་
དགེ་སློང་གི་དགེ་འདུན་རྒྱ་མཚོའི་དབུས་སུ་རབ་ཏུ་བྱོན་ཏེ། རྙོག་པ་མེད་པའི་ཚུལ་ཁྲིམས་ཀྱིས་མཛེས་པར་བྱས་
རྗེ་པ་ཡང་རབ་ཏུ་བྱུང་བ་ལ་མཉེས་པས་ད་རབ་ཏུ་བྱུང་ནས་བྱ་ཆ་དང་བསྲུང་སྡོམ་ལ་བརྩོན་པར་གྱིས་གསུངས་ནས་ཆོས་རྗེ་པའི་དྲུང་དུ་ཇོ་གདན་ཐུ་མོ་གཅིག་བཞག་ནས་འཕྲལ་གྱི་གསོལ་ལུགས། བཞུགས་ཚུལ་ཚུན་ཆོད་ལ་སྐྱོན་གཏོང་བ་གཅིག་ཡོད་གསུངས་
སོ། །ཡང་མཁན་པོ་དེ་ཉིད་ལ་སྔ་ཕྱིར་ཆོས་གསན་པ་ནི་ཚད་མ་རབ་ཏུ་བྱེད་པ་སྡེ་བདུན་ལ་སྡེ་གསུམརྒྱན་དང་ཆོས་མཆོག་ལ་སོགས་པའི་འགྲེལ་པ་ཆེན་པོ་ཡན་ལག་དང་བཅས་པ་ཐམས་ཅད་གསན། རྒྱན་དང་ཆོས་མཆོག་ཅུང་མ་རྫོགས་པ་ཕྱིས་པཎྜི་ཏ་གཞན་ལ་གསན། ཡང་བླ་ཆེན་དེ་ཉིད་ལ་མངོན་པ་མཛོད་དང་། འདུལ་བ་མདོ་རྩ་དང་། སོ་སོར་ཐར་པ་དང་། དགེ་སློང་གི་ཀ་རི་ཀ་ལ་སོགས་པ་འདུལ་བའི་ཕྲན་དང་བཅས་པ་ཐམས་ཅད་གསན་ནོ། །ཡང་དེ་ཉིད་ལ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་ལ་སོགས་པ་ཡན་ལག་དང་བཅས་པ་གསན་ནོ། །གཞན་ཡང་བདེ་མཆོག་དང་གསང་བ་འདུས་པ་འཕགས་སྐོར་དང་། ཡེ་ཤེས་ཞབས་ཀྱི་སྐོར་ལ་སོགས་པ་ཡང་གསན་ཏེ། དེ་རྣམས་ཀྱི་དབང་བསྐུར་བ་ཡང་ཞུས་ཤིང་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེའི་རྗེས་སུ་སློབ་དཔོན་སྤྱི་བོ་ལྷས་པ་ལ་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་དང་ཉི་ཁྲི་འགྲེལ་པ་མན་ཆད་དང་། མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་
སྤྱོད་ཕྱོགས་
དང་གསང་