R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 49
[A:49]སྔགས་ཀྱི་གདམ་ངག་ཕྲ་མོ་འགའ་ཞིག་དང་། བཀའ་གདམས་ལ་སོགས་པ་ཐམས་ཅད་གསན་ནོ། །གཞན་ཡང་ཐུགས་དམ་ལ་གཞོལ་བས་ཏིང་ངེ་འཛིན་དུ་མ་ལ་མངའ་བརྙེས་ཏེ། ཕྱི་ནང་གི་རྟེན་འབྲེལ་ཟབ་མོའི་འགྲོས་ཐུགས་སུ་ཆུད་པའི་སྟོབས་ཀྱིས་མ་འོངས་པའི་དོན་འགའ་ཞིག་འདི་ལྟར་འབྱུང་ཞེས་ལུང་སྟོན་པ་རྣམས་
ནི་སློབ་མ་ཉུང་སེ་ལས་མེད་དུས་སུ་ང་དུས་ཕྱིས་སྐད་རིགས་མི་གཅིག་པའི་ས་གཅིག་ཏུ་ཕྱིན་ནས་བསྟན་པ་ལ་བག་ཙམ་ཕན་པ་གཅིག་འོང་བྱ་བ་གསུང་སྟེ་ཐོག་ཏུ་བབས་
དེ་ཁོ་ན་བཞིན་དུ་འབྱུང་བ་མཐོང་བ་དང་གཞན་ཡང་འཇམ་དབྱངས་མཉེས་པའི་མཛད་པའི་རྟགས་ཐུན་མོང་མ་ཡིན་པ་དང་
སྐབས་འགའ་ཞིག་ཏུ་ཐུགས་དམ་མཛད་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཐ་མལ་གྱི་རྟོག་པ་ཡེ་མ་བྱུང་བ་དང་། མི་མང་པོའི་གསེབ་ཏུ་གཟིགས་རྟོགས་ལ་སོགས་པ་གང་མཛད་ཀྱང་གཞན་རྐྱེན་གྱིས་གཡེང་བར་མི་ནུས་པ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་འོ། །
བྱིན་རླབས་ཀྱི་ཤུགས་ཤིན་ཏུ་ཆེ་བ་སྟེ། གསོལ་བ་བཏབ་ན་འདོད་པའི་དོན་འགྲུབ་པའི་མཐུ་ཕུན་སུམ་ཚོགས་པ་དང་ཡང་ལྡན་ནོ། །མདོར་ན་རིག་པའི་གནས་ལྔ་མཁྱེན་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། རྟོགས་པའི་ཏིང་འཛིན་དུ་མ་བརྙེས་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གདུལ་བྱའི་སྐྱེ་བོ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་ལ། གཞན་ཡང་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་སོགས་པ་མཁས་པའི་བྱ་བ་གསུམ་ལ་རབ་ཏུ་མཁས་པའི་བདག་ཉིད་ཆེན་པོ་འདི་ནི་རབ་ཏུ་གུས་པས་བསྟེན་པར་བྱའོ། །
དེ་ནས་དགུང་ལོ་བདུན་ཅུ་བཞེས་པ་དང་ཤིང་ཕོ་ཕག་སྨལ་པའི་ཟླ་བའི་ཚེས་བཅུ་བཞི་ལ་རྒྱལ་ས་བྱང་ངོས་སུ་བདེ་བར་གཤེགས་སོ
། །འདིའི་རྣམ་པར་ཐར་པ་