R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༨༨
[A:༢༨༨]བརྗོད་པའི་ཡུལ། །མཐའ་དག་ཚད་དུ་མེད་པ་གཞལ་བྱ་བར། །དེ་བཞིན་གཤེགས་མང་སྐྲག་པའི་སྤུ་བློང་ན། །སོ་སྐྱེ་རྣམས་ཀྱིས་དཔག་ཏུ་
ནུས་པར་ག་ལ་ཞིག་
སྟེ
་མི་ནུས་སོ་
ག་ལ་ཞིག །བརྗོད་
དེའི་དོན་
དང་བྲལ་བ་མཐའ་ཡས་ཚིག་གི་མཛོད། །ཡི་གེའི་རང་བཞིན་དག་ཏུ་འཁྲུང་པའི་ཚུལ། །ཆུ་སྲིན་འབྱུང་གནས་སྦགས་པའི་རི་རབ་ཀྱི། །མྱུ་གུ་འབུམ་གྱི་ཆོ་གས་བྲིར་མི་ལང་
ཕུལ་བྱུང་གི་རྒྱན
། །འོན་ཀྱང་བཅོམ་ལྡན་སྒྱུ་མ་ཆེན་པོའི་རྡུལ། །དངོས་པོ་བྲལ་བས་སྟོང་པར་ཞུགས་དེ་ཡང༌། །ཆུ་ལ་ཀུན་གསལ་ལྟ་བུར་སྣང་བའི་མགྲོན། །རྣམ་ཐར་སྒོ་བརྒྱ་གདངས་པ་
དང་ཆོས་ཁུངས་སོ་སོར་ཞར་བྱུང་དུ་བསྟན་པ་རྣམས་ཕྱོགས་གཅིག་ཏུ་བཏུས་ནས་ཚིགས་བཅད་རྒྱུད་པར་བསྡམས་པས་
འདི་རྨད་
དུ་
བྱུང་
བས་ན་རྟགས་བརྗོད་ཕྱོགས་རེ་བ་མཐོང་བའི་ཡུལ་གྱིས་མནར་བ་རྣམས་སྨྲ་བ་བསྒྱུར་བར་གྱིས་ཤིག །
ལུང་དང་རིགས་པ་གཉིས་སུ་མི་འགལ་བའི། །ངོ་བོ་ཉིད་ཀྱི་རང་བཞིན་བརྗོད་ཙམ་ན། །ཕུལ་བྱུང་རྒྱན་དུ་འགྲོ་བ་དམ་པའི་ལུགས། །བཟང་པོའི་སྤྱོད་མཆོག་རྗེས་སུ་མཐུན་པར་བརྩམས། །དེ་ཚེ་གང་བྱིན་བརླབས་པའི་རྨི་ལམ་ལ། །མཚན་ལྡན་སྐྱེ་བ་མེད་པའི་མཁའ་རིས་སུ། །གཞོམ་མེད་ལྷ་སྔགས་
འཇམ་པའི་དབྱངས་ཀྱི་ས་བོན་དྷཱིཿཡིག་དང༌། སྤྱན་རས་གཟིགས་ཀྱི་ཡི་གེ་དྲུག་པའི་ཕྲེང་བ་དཀར་ཞིང་འོད་དུ།
བཀྲ་
བ་
དང་སྲིན་ལག་ནས། །སྡིག་པའི་ཁྲག་གི་ཆུ་གཏེར་ཐོན་སྙམ་བྱེད་
པ་བྱུང་ངོ་
། །རིག་པ་ཀུན་ལ་ཁྱབ་འཇུག་
རྩོམ་པ་པོ་དང་ལྷ་ཁྱབ་འཇུག་གི་འཇུག་པ་ལ་སྦྱར་བས་སྦྱར་རྒྱན་ནོ་
ལག་འགྲོ་ཡི། །གནས་ནས་ལངས་པའི་སྙན་ངག་ས་ཆེན་པོ། །ཁྱེར་པའི་འཁུན་གྱི་སྒྲ་ལ་དབྱངས་ཅན་མ། །གཟུགས་ཅན་བཞིན་དུ་རྒྱུ་བའི་ཡང་དག་དོན། །བྱང་ཆུབ་མངོན་དུ་མཛད་པའི་སརྒ་སྟེ། །བཅུ་གཉིས་ཉི་མའི་གྲོང་ཁྱེར་ཆེན་པོ་ན། །འཁྲུལ་པའི་མུན་པ་སྤངས་པའི་དེ་ཉིད་འོང༌། །སྣང་བ་མཆོག་ཏུ་འཕྲོ་ལ་སུ་མི་དགའ། །ཁྱད་པར་འཕགས་པའི་སྒྲ་འདིས་ཁོར་ཡུག་གི །རི་བོ་མྱོས་པའི་ཡན་ལག་མཆོག་འདར་ན། །སེམས་དང་ལྡན་ལ་དཔྱད་མི་འཚལ་བའི་དབྱངས། །ལེགས་པར་བཤད་པས་བསྐལ་པ་བརྒྱ་ཟུང་ཞིག །རྨོངས་པའི་