R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༣༥
[A:༡༣༥] །བྱང་ཆུབ་མངོན་
དུ་
མཛད་
ཕྱིར་རྡོ་རྗེའི་
གདན་ལ་སྤ་བར་ལོག་བློའི་བདུད་ཚོགས་ཡུལ་དང་བཅས་
པ་
རྣམས་
སངས་རྒྱས་
གང་གིས་བཏུལ་བའི་ཁྱད་པར་གྱི་མཚོན་དེ་ནི། །ཟབ་མོ་སྟོང་པའི་རེག་བྱས་
དངོས་པོ་དངོས་མེད་དུ་འཇིག་པ་ལ་
རྣོ་བའི་མཆོག་གི་སྣང་བ་དམ་པའི་ཉི་མ་བཅུ་གཉིས་འབར་བའི་གཟི་བརྗིད་དང༌། །སྙིང་རྗེ་བཅུ་དྲུག་ཟླ་བ་དག་པའི་སྙིང་དང་དབྱེར་མེད་འདོད་པ་རབ་
ཏུ་
བཀོད་
པའི་རྒྱལ་ཐབས་ཀྱི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་
ཁམས་གསུམ་པོ་ནི་མ་ལུས་ལ། །དབང་ཕྱུག་བླ་ན་མེད་པའི་
རྒྱལ་བ་
ཅོད་པན་ཉིད་དེ་གཙུག་ཏོར་
གྱི་རྩེ་མོ་ལྟར་མི་མངོན་པར་འཕགས་པའི་
ནོར་བུ་འོད་
ཟེར་
གྱི་རལ་
པ་རིང་དུ་འཕྲོ་བ་
ཅན་ཤཱཀྱ་སེང་གེར་འདུད། །ཨེ་མ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡེ་ཤེས་
གསལ་བའི་
མེ་ལོང་ནང་དུ་ཤེས་བྱ་
ཇི་ལྟ་བ་དང་ཇི་སྙེད་པ་
ཐམས་ཅད་སོང་བའི་ཡོན་ཏན་
གྱི་
ཕུང་པོ་ཕ་
རོལ་དང་
མཐའ་མེད། །འཁོར་བའི་མིག་
ནག་པོ་
སྨན་རྨོངས་པ་ཆེན་པོའི་