R27: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་དངོས་ཀྱི་ཐུགས་ཀྱི་སྲས་བླ་མ་ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༤༡
[A:༣༤༡] དེ་དུས་ཆོས་རྗེ་པ་དང༌། རྗེ་བཙུན་པ་དང༌། གཞན་ཡང་ཡི་དམ་གྱི་ལྷ་མང་པོ་གཟིགས། ཆོས་རྗེ་པའི་ཞལ་ནས་ཁྱེད་རང་གི་སྔར་གྱི་ཐུགས་དམ་གོམས་པ་དེའི་སྟེང་དུ་ཞོག །ས་སྐྱ་པའི་འདུན་མ་ཁོང་ཅག་རང་ཚོས་ཤེས། འུ་ཅག་རང་ལ་ཡ་གི་ན་བདེ་བ་ཅིག་བདོག་གི་དེར་འདོང་གསུངས༌། དེ་ནས་རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་པའི་དོན་དུ་མེ་མོ་ལུག་གི་ལོ། དཔྱིད་ཟླ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་དགུའི་སྔ་དྲོ་གཟའ་ཟླ་བ། སྐར་མ་རྟ་ཕ་རྒྱུ་བའི་དུས་སུ་བདེ་བ་ཅན་དུ་གཤེགས་སོ།།