R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༦༡
[A:༣༦༡]སྤྱད་ལས་ངན་ཆེར་ཟད་པས། །གེགས་མིན་ཆོས་བྱས་ཀྱི་ཕན་ཡོན་དུ་འདོད། །གཞན་དག་བྱ་སྤངས་ལམ་བསྒྲུབ་བཞེད། །བདག་གིས་ཉིན་མཚན་འབད་རྩོལ་བགྱིས། །དྲན་རྟོག་བཀག་པའི་རྒྱལ་འདོད་མང༌། །བདག་གིས་དྲན་པའི་མེལ་ཚེ་བརྟེན། །གཞན་དག་གདམས་ངག་སྤོང་ལེན་བྱེད། །བདག་གིས་གཅིག་བོགས་གཅིག་གིས་སྟོན། །སྐྱོན་སྣ་གཅིག་མཐོང་ནས་ཀུན་སྤོང་གཞན། །བདག་གིས་འདྲེས་ལས་ཡོན་ཏན་བླངས། །ཕལ་ཆེར་སྐྱོན་རྟོགས་ངན་བརྗོད་བྱེད། །བདག་གིས་ཡོན་ཏན་གང་འདུག་ལ། །བསམས་ནས་ཀུན་ལ་དག་སྣང་སྦྱངས། །བཙུན་ཚུགས་གཏོར་མ་ཕྱག་འཚལ་དང༌། །སྲོད་དང་ཐོ་རངས་མི་ཉལ་སོགས། །དང་པོ་ལས་པའི་ཆོས་ཡིན་ཞེས། །རྒས་ནས་ལྷོད་པ་ཤིན་ཏུ་མང༌། །བདག་གིས་ཆོས་སྒོར་ཞུགས་པ་ནས། །འཆི་ཁའི་བར་དུ་ཁྱད་པར་དུ། །འཆི་དུས་ཐོས་བསམ་སྒོམ་པ་ལས། །སྐྱབས་གཞན་མེད་སྙམ་ད་ལོ་ལས། །སང་ཕོད་བློ་སྐྱེད་ཅི་ཐོན་བྱས། །གཞན་འགའ་རང་གི་ཡོན་ཏན་དང༌། །དགེ་སྦྱོར་སྣ་རེའི་རྩལ་ཐོན་ནའང༌། །ཁྱེད་གསོད་རློམ་སེམས་ཀྱིས་ཐར་ལམ་བཀག །རློམ་སེམས་རང་མཐོང་གི་སྐྱོན་མཐོང་བདག །གང་ལའང་རློམ་པ་དང་ཁྱད་གསོད་མེད། །ནང་གི་འཆར་སྒོ་ཅུང་ཟད་ལའང༌། །ལ་ལ་རྒྱལ་མཚན་བཞིན་དུ་འཕྱར། །བདག་གིས་གཏེར་བཞིན་འབད་ནས་སྦས། །ཕལ་དང་མི་མཐུན་ཀུན་སྤྱོད་དེ། །རྒྱལ་བ་སྲས་དང་བཅས་རྣམས་དགྱེས། །མདོར་ན་ཚེ་འདིའི་རང་དོན་གྱི། །ཞེ་འདོད་ཕུགས་སུ་མ་ཞུགས་པའི། །སྤྱོད་ལམ་འདི་ལ་འགའ་ཞིག་དང༌། །མི་མཐུན་ཡང་གསུང་རབ་དང་མི་འགལ་བས། །རང་གི་ཀུན་སྤྱོད་ལ་མི་གནོད་བདེ། །སྤྱོད་ལམ་དོན་མེད་དུ་མ་སོང་བས་ཞེ་བློ་བདེ་བའི་སྐབས་སོ། །མདོར་ན་ཉི་ཤུ་རྩ་གསུམ་ནས་བདུན་ཅུ་དོན་གཉིས་བར་ཐོས་བསམ་བསྒོམ་པས་གཞུང་བསྲང༌། །སྔར་སྨོས་པའི་བྱ་ཆས་ཁ་བསྐང་ཉིན་ཞག་ཕྲུགས་གཅིག་ལ་ཆོས་མིན་གོ་སྐབས་མེད་པས་དུས་འདའ་བས། །སློབ་ཚེ་སློབ་དཔོན་གྲྭ་རོགས་བྱིངས་པོ་རྣམས་ཆོས་སྤྱོད་པར་སྒྲོགས་