R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༦༢
[A:༣༦༢]སློབ་པར་མི་སེམས་ནའང༌། ཐ་མ་རེས་ཀྱང་བཀའ་པོད་གཉིས་རེ་ཤེས། །ཆོས་སྤྱོད་ཆེ་རུ་ཐོན་པས་འགྱོད་རྒྱུ་མེད། །བསྒོམ་ཚེ་ཡང་རྒྱུན་གྱི་ཆོས་སྤྱོད་མ་བཅག་པས། །ཐུན་བསྒོམ་ཆོག་ཚོད་འཛིན་པའི་སྒོམ་ཆེན་པས། །བྱ་ཆོས་པར་འཛིན་བསྒོམ་པར་བདག་མི་འཛིན། །ཉིན་ཞག་བཞི་ཆ་བཞི་གསུམ་མོ། །བསྒོམ་དོན་དྲིལ་ཞིང་སྤྱོད་ལམ་ཐམས་ཅད་དུ། །ལྟ་ཉམས་ཟིན་པས་བསྒོམ་དོན་ལྷག་པར་དུ། །སྤྱོད་པས་ལྟ་བའི་བོགས་ཐོན་འདི་ཆེས་ལྷག །སྤྲང་པོ་བདག་གིས་སྐྱེས་ནས་འཆི་ཁའི་བར། །ཀུན་སྤྱོད་ཅི་བྱས་ལྷུག་པར་བསྟན་པ་འདི། །སྙན་ངག་ཚིག་གི་བསྟར་ལ་མ་བརྒྱུས་ཤིང༌། །སྒྲོ་འདོགས་སྐུར་པའི་སྐྱོན་གྱིས་དབེན་པ་རུ། །དབུས་གཙང་ཁམས་གསུམ་དད་ལྡན་སློབ་མ་ཡིས། །ཡང་ཡང་བསྐུལ་ནས་ཡི་གེར་བཀོད་པ་ཡིན། །དགེ་བས་འགྲོ་ཀུན་ཀུན་མཁྱེན་གནས་ཐོབ་ཤོག། །།