R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༤༥
[A:༣༤༥]༅། །ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་བའི་རྣམ་ཐར་ཁོ་རང་གིས་མཛད་པ་བཞུགས། །༄༅༅། །བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །བདག་སྐྱེ་ས་དེ་ཐང་པ་རུ་བཞི་རུ། །ཕ་ནི་དངོས་གྲུབ་དར་པོ་དང༌། །མ་ནི་དད་པའི་བུ་རུ་སྐྱེས། །བསམ་མེད་མ་པང་ཁྱེར་དུས་སུ། །ཆོས་བྱེད་དགེ་བཤེས་འོང་ངོ་ཞེས། །རྩིས་པ་སྐྱེ་བོ་ཁ་མཐུན་སྒྲོགས། །སྨྲ་ཤེས་བསམ་མནོ་ཅུང་ཡོད་ནས། །བྱིས་པ་རྩེ་སར་མི་འགྲོ་བར། །ལོགས་སྡོད་གར་བཞག་བརྟན་པ་ཟེར། །མ་བསམས་ལེགས་ཉེས་འགའ་རེ་བཤད། །འདི་ལ་ཡིད་མོ་རྣོ་ཡོད་ཅེས། །མས་ཀྱང་ལེགས་ཉེས་ཅུང་ཟད་འདྲི། །མ་ཡི་གོ་གཡོག་བྱེད་དུས་ན། །ཚེ་འདིའི་བྱ་བ་གང་ལ་སྡུག །མ་དང་སྐྱེ་བོ་བྱིངས་པོ་བྱམས། །ཆོས་