[A:༣༩ན][...]
Colophon
དེ་ལྟར་མཁའ་གྲོ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་ནོད་པའི་ཆོ་ག་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི། མཉམ་མེད་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྗེ་བསོད་ནམས་བཟང་པོའི་བཀའ་དྲིན་གྱིས་ལེགས་པར་བསྐྱང་ཤིང་། དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཆོས་ཀྱི་སྲས་པོ། མང་དུ་ཐོས་ཤིང་བླང་དོར་ལ་གནས་པ་མཁས་གྲུབ་དཔལ་འཛིན་བཟང་པོ་ལས། སྔགས་ཀྱི་ལག་ལེན་མཐའ་དག་ལ་འདྲིས་པར་བྱས་ཤིང་ཁྱད་པར་ཡང་འདི་ཉིད་ཀྱི་ཕྱག་ལེན་མ་ཚང་བ་མེད་པར་ཁོང་དུ་ཆུད་པར་བགྱིས་པ། སྔགས་འཆང་འཇིགས་མེད་དཔའ་བོ་ཞེས་བགྱི་བས། གོང་དཀར་དཔལ་གྱི་སྡེ?་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོར་བཀོད་པའོ། ༎
དཀྱིལ་ཆོག་འདི་སྔ་མོའི་དུས་ཀྱི་ཡིན་པས་འདི་ལ་ཕྱི་མོ་མ་བྱེད། སླར་འདི་བས་ལེགས་པ་གཅིག་ཡོད་གསུང་བའི་ཞལ་བཞེས་རིམ་པར་ཡོད་ནའང་དུས་ཀྱི་དབང་གི་མ་གྲུབ་བོ། འོན་ཀྱང་ལེགས་ཆ་ཐོན་པའི་འཇུག་འདོར་གྱི་ཕྱག་བྲིས་མང་དུ་བཏབ་པའི་ཕྱག་དཔེ་དངོས་ལས་གཞོན་ནུ་རྣམ་རྒྱལ་གྱིས་དཔེར་བྲིས་ཤིང་དེ་ཉིད་ལ་གཏུགས་ནས་ཞུས་དག་བྱས་པ་ཡིད་ཆེད།
སརྦ་མངྒ་ལཾ།།