R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༢
[A:༣༦༢]༅། །ཞང་དཀོན་མཆོག་དཔལ་བའི་རྣམ་ཐར་བཞུགས།།༄༅། །ཨོཾ་སྭ་སྟི། བླ་མ་དམ་པ་ཞང་དཀོན་མཆོག་དཔལ་འཁྲུངས་ཡུལ་ནི། ར་ས་འཚལ་ཁུང་པ། གདུང་རུས་ཞང་པ་ཡིན་ལ། ཁོང་པའི་ཕ་ཚན་དང༌། ཚོང་འཕྲང་གི་གྲུབ་ཐོབ་འདར་ཕྱ་རུ་བ་འགྲས་ནས། གྲུབ་ཐོབ་དམར་གྱིས་མཐུ་གཏང་བས་བླ་མ་ཞང་མ་གཏོགས་པ་མི་རབས་ཐམས་ཅད་ཆད། གྲུབ་ཐོབ་བགྲེས་ནས་སྤྱན་ལོང་ནས་ཀྱང་འཚལ་ཁུང་གི་མདའ་ན་རྒྱ་ལམ་ཡོད་པ་ལ། རྒྱུ་འགྲུལ་མཛད་ཙ་ན། དེའི་ཐད་དུ་སླེབས་སེ་ཡང་ཡང་གསུང༌། ཞབས་ཏོག་པས་འདི་པ་འགྲས་པས་ངན་འདྲ་བྱེད་པ་ཡིན་འོང་བསམས་ནས་མ་སླེབས་ཞུས་པས་ད་ཡེ་སླེབས། བཞོན་པ་ལ་ཕོབ་གསུངས་ནས་ཡུག་རེ་ཤིབ་ཤིབ་སྔགས་བགྲང་རྒྱུ་མང་པོ་འདུག་པ་བྱས་ནས་འདོང་ངོ་གསུངས་ཏེ། བླ་མ་ཞང་སྐྱེས་བུ་དམ་པ་འབྱོན་པར་ཤེས་པ་ཡིན་ནམ་མཐུ་མ་བྱུང་གསུང༌། སྐུ་ཚེ་མཐར་ཕྱིན་གྱི་བར་དུ་བཞུགས་ཏེ་རྣམ་ཐར་ཞིབ་པར་ནི་མ་ཐོས་ལ། གསུང་ངག་གི་ལོ་རྒྱུས་ཀྱི་ཕྱོགས་ལ། དཀའ་བ་སྤྱད་ནས་བླ་མ་བསྟེན་ཚུལ། །ཡོན་ཏན་བརྙེས་ཚུལ། །དེ་ལས་ཇི་ལྟར་འཕེལ་ཚུལ་གསུམ་ལས། དང་པོ་ནི་ས་སྐྱ་