R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༧
[A:༣༦༧]ནོ། །གདུང་ཞུགས་ལ་བཞུ་བའི་ཚེ། གདུང་ལ་འཇམ་དཔལ་ཨ་ར་པ་ཙ་ན། སྤྱན་རས་གཟིགས། སྒྲོལ་མ་རྣམས་ཀྱི་སྐུ་གཟུགས་མཐེ་བོང་གི་ཚད་ཙམ་དོད་ཅིང་གསལ་བ་གསུམ་བྱོན་པས། སྐྱེ་བོ་རྣམས་ངོ་མཚར་ཞིང་གདུལ་བྱ་རྣམས་མི་བྱེད་པའི་དད་པ་ལ་བཀོད། འཇམ་དཔལ་གྱི་སྐུ་དེ་དྲུང་གི་སློབ་མ་ཁམས་པ་དགེ་བཤེས་ཅིག་ལ་མོས་གུས་ཀྱི་རྟེན་ཅིག་དགོས་ཟེར་ནས་ཆོས་རྗེ་བྲག་ཕུག་པས་ཁམས་པ་དེ་ལ་བསྐུར་བས། བྲག་ཕུག་པའི་གསུང་གིས་ང་ཤེས་རབ་ཆུང་བ་འདི་དེས་ལེན་གསུངས་སྐད། གཞན་གཉིས་ཞང་པའི་ནང་རྟེན་ཐུབ་པ་ཁྲུ་གང་མ་ཅིག་བཞེངས་པའི་ནང་ན་བཅུག་ཡོད་གསུངས། དེ་ལྟར་དངོས་དང་བརྒྱུད་པས་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་ཞིང་ས་སྐྱ་པའི་ཆོས་རྒྱུད་ལ་སྐུ་དྲིན་ཆེ་བ་ཡིན་ནོ། །ཞང་སྟོན་ཆོས་རྗེའི་རྣམ་པར་ཐར་པ་ཆོས་རྗེ་བྲག་ཕུག་པའི་གསུང་རིམ་པར་ཐོས་པ་འདི་ནི། ཆོས་འདིའི་རིགས་སུ་སྐྱེས་པ་དགེ་སློང་དཔལ་ལྡན་གྱི་སློབ་མ་དག་གིས་ངོར་དབེན་གནས་ཚ་མོ་རོང་བྱང་ཆུབ་རྫོང་གི་དགོན་པར་སྦྱར་བའི་ཡི་གེ་པ་ནི། བསོད་ནམས་དཔལ་ཞེས་བྱ་བས་བགྱིས་ཏེ་མཐར་ཕྱིན་པར་མཛད་དོ།།