R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༨༦
[A:༣༨༦]པའི་ཚེ་ན་ཡང༌། དགོན་པའི་སྟེང་ན་སྒྲ་དང་འོད་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཤར་ལྷོའི་ཕྱོགས་ནས་དགོན་པའི་སྟེང་ན་སོང་བ་སྐྱེ་བོ་ཀུན་གྱིས་མཐོང༌། པུར་བཞུ་བའི་དུས་སུ་ཡང་ཐུགས་བྱོན་ཞིང༌། སྐུ་གདུང་བཞེངས་པ་ལ་སོགས་པའི་དུས་རྣམས་སུ་ཡང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བས་འཇིག་རྟེན་པ་རྣམས་ཆོས་ལ་བསྐུལ་ཞིང་དད་པར་མཛད་དོ། །སྙན་བརྒྱུད་བཞི་ཡིས་སྐུ་བཞི་ཡི། །ས་བོན་བཏབ་ནས་འགྲོས་བཞི་ཡི། །མི་ཟད་རྒྱན་གྱི་མཆོག་སྩོལ་བ། །མཚུངས་མེད་བླ་མའི་རྣམ་ཐར་ནི། །ཅུང་ཟད་བགྱིས་པས་འགྲོ་བ་ཀུན། །བླ་མ་མཆོག་དང་མི་འབྲལ་ཞིང༌། །རྟག་ཏུ་མཉེས་པ་བྱེད་པར་ཤོག །མཚུངས་མེད་ཆོས་ཀྱི་རྗེ་རྒྱལ་བ་རི་ཁྲོད་པའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཆོས་ཀྱི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང༌། ཡུན་རིང་དུ་ཞབས་དྲུང་དུ་གུས་པར་བསྟེན་པ་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཞེས་བྱ་བས། གསུང་ངག་རིན་པོ་ཆེ་ལ་དད་ཅིང་གུས་པའི་སློབ་མ་དག་གི་ངོར། ཚ་མོ་རོང་བྱང་ཆུབ་རྫོང་གི་སྒྲུབ་གནས་དམ་པར་སྦྱར་བའོ།།