R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༧༤
[A:༣༧༤]༅། །རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར་བཞུགས།།༄༅༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མའི་ཡོན་ཏན་རྒྱ་མཚོ་ཆེ། །བདག་བློ་མཛུབ་མོས་གཏིང་དཔོག་གམ། །ཆ་ཙམ་མཐོང་བའི་ནོར་བུ་འགའ། །དད་པའི་སྙིམ་པས་རབ་བཟུང་བ། །རྣམ་ཐར་རིན་ཆེན་ཕྲེང་བ་སྤེལ། །ཆོས་ཀྱི་རྗེ་རི་ཁྲོད་པའི་རྣམ་ཐར་ནི། སྐྱེ་བ་བཞེས་ཚུལ། བླ་མ་བསྟེན་ཏེ་དཀའ་བ་སྤྱད་པའི་ཚུལ། སྤངས་རྟོགས་ཀྱི་ཡོན་ཏན་བརྙེས་པའི་ཚུལ། གཞན་དོན་ཇི་ལྟར་མཛད་པའི་ཚུལ་