R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 8b
[A:8b]ཁྲས་ལེགས་པར་བརྒྱན་པ། བོན་ཁང་བཞེས་?གཏེར་ནས་བཞེས་པའི་མཁར་རྔ་དེ་བཅས་ཡོད། དེའི་སྟེང་གནས་བཅུ་ལྷ་ཁང་བཞེས་?པའི་ནང་ཐུབ་པ་གཙོ་འཁོར་གསུམ་ནས་དགེ་བསྙེན་དྷརྨ་ཏ་བར་འཕགས་པའི་གནས་བརྟན་བཅུ་དྲུག་ཆ་ཚང་དང། རྒྱལ་ཆེན་རིགས་བཞི། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་དང་བཀའ་འགྱུར་རྒྱུན་སྒྲོགས་གནང་མཁན་བཅས་ཡོད། དེའི་ནུབ་ཏུ་གཟིམ་ཆུང་ཆེན་པོའི་གཟིམ་དཀྱིལ་ལ་གཙོ་བོ་བརྫི་ཁྱིམ་གྱི་ཐུབ་དབང་དང་ཀུན་མཁྱེན་རིན་པོ་ཆེའི་ཡབ་རྒྱལ་བ་ཤེས་རབ་ཀྱི་འདྲ་སྐུ། གསེར་ཟངས་ཀྱི་ལམ་འབྲས་བླ་རྒྱུད་ཆ་ཚང་དང་གནས་བརྟན་ཆ་ཚང། ཟུར་ཕྱོར་ལྷོའི་ནང་གསེར་ཟངས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག །རྒྱལ་ཆེན་རིགས་བཞི་བཅས་ཆ་ཚང། བྲག་ཐོག་ལྷ་ཁང་ནང་ས་སྐྱ་གོང་མ་ལྔའི་འདྲ་སྐུ། རྗེ་བཙུན་གྲགས་རྒྱལ་གྱི་དམིགས་བསལ་གྱི་འདྲ་སྐུ་དང་བསྙེན་ཕུར། བྲག་ཐོག་པ་བསོད་ནམས་བཟང་པོའི་འདྲ་སྐུ་གསུང་བྱོན་པ། ཟུར་ཕྱོར་བྱང་ནང་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཐུན་མོང་?བཀའ་སྲུང་མཁའ་འགྲོ་མ་གཙོ་འཁོར་གསུམ་