R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 9a
[A:9a]གྱི་ཞལ་སྦག །བདེ་གསང་འཇིག་གསུམ་གྱི་སྐུ་ཐང། བཀའ་གདམ་ལི་མའི་མཆོད་རྟེན་འགའ་ཤས། རྡོ་རྗེ་གཞོན་ནུའི་སྐུ་ཐང། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་འདྲ་སྐུ་བཅས་བཞུགས་སོ། །གོང་གི་ལྷ་སྐུ་ལྡེབས་བྲིས་སྐུ་ཐང་སོགས་དེ་དག་ཚང་མ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མངོན་སྤྲུལ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཐུགས་སྨོན་ལས་སྒྲུབ་པ་མཚན་དུ་གོང་དཀར་མཁྱེན་བརྩེ་རིན་པོ་ཆེ་གསོལ་བ། ཞེས་པའི་ཕྱག་བཟོ་ཤ་སྟག་རེད། ང་ཚོ་བོད་རིགས་ཀྱི་རི་མོའི་ནང་གངས་?རིས་སམ་མཁྱེན་རིས་སུ་གྲགས་པ་སྙན་གྲགས་ཅན་གྱི་བླ་མ་འདིའི་ཕྱག་བཟོ་ཁོ་ན་ཡིན་ལའོ?། །གཙུག་ལག་ཁང་དེའི་བྱང་ངོས་སུ་རྔོག་གི་ཡང་སྲིད་བླ་མ་མང་ཐོས་རྒྱ་མཚོས་ཕྱག་བཏབ་པའི་ཕན་བདེ་ཀུན་བཟང་རྩེ་གྲྭ་ཚང་ལ་རྟེན་གཙོར་རྫ་མཁན་སྟག་ལུང་ཉི་ཤར་གྱི་ཕྱག་བཟོ་པཎ་ཆེན་ཤཱཀྱ་ཤྲཱིའི་འདྲ་སྐུ་དང། མང་ཐོས་རྒྱ་མཚོའི་འདྲ་སྐུ། རྡོ་རྗེ་གདན་པའི་འདྲ་སྐུ་གསེར་ཟངས་ཀྱི་དུས་གསུམ་སངས་རྒྱས་གཙོ་བོ་བྱས་པའི་གསེར་སྐུ་