R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 18b
[A:18b]མཛད་སྒོ་གཟབ་རྒྱས་མཛད་སྲོལ་ཡོད། འདི་ག་དགོན་དུ་རི་མགོ་ཉི་ཤར་ལ་བླ་བྲང་གཟིམས་ཆུང་མཛད་སྒོ་དང། གླིང་ལ་ཉི་ཤར་ལ་ཚོགས་ཆེན་བཞུགས་གྲལ་མཛད་སྒོ་ཁག་གཉིས་གྲོལ་རྗེས། དེའི་ཞོགས་པ་ཕུར་བུ་ཡང་རྙིང། དེ་ནས་ཕུར་བུའི་གཏོར་འབུལ་ལྷག་མའི་ཆོ་ག་རྡོ་བཅལ་ལ་གཏོར་གཤེགས་བསྟན་མ་བཅས་དང། ཡར་ཕེབས་ཕུར་བུའི་བྲོ་བརྡུང་རྒྱས་པ་དང་བཀྲ་ཤིས་གཟབ་རྒྱས་མཛད་དེ་བསྒྲུབས་སོ། ། བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ། །གངས་རིའི་ཕྲོད་?ཐེག་ཆེན་ཆོས་སྒྲ་སྒྲོག །འཁོར་ལོས་བསྒྱུར་རྒྱལ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོའི་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ་ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་་་་་་་་་་་་་་་་་་་src: text incomplete!