R360: སྤྱོད་འཇུག་ཊི་ཀ པར་རྙིང་། མཇུག་བྱང་།

  • Pagination (Witness A): ༨༤ན
[A:༨༤ན][...]Printing colophon ནཱ་མོ་མཉྫུ་ནཱ་ཐ་ཡ ། བརླབས་ཆེན་རྒྱལ་སྲས་སྤྱོད་པ་གསལ་ཟའིབའི་གཞུང རྣམ་པར་འགྲེལ་བྱེད་མཁས་པའི་མགྲིན་རྒྱན་གང ཆོས་ཀྱི་དབང་ཕྱུག་གྲྭ་ལྔ་རྒྱལ་པོ་ཡི ༎ རྣམ་དཀར་ཕྲིན་ལས་སྟོབས་ལ་ལེགས་བརྟེན་ནས ༎ གྲ་ཐང་མཁས་པ་འདུ་བའི་ཆོས་ཀྱི་གྲར ༎ རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་གྱི༎ བཀའ་བཞིན་སྡོམ་བརྩོན་བཀྲ་ཤིས་དཔལ་ལྡན་གྱིས ༎ ཕུན་ཚོགསའཚོན་མཐུན་རྐྱེན་སྦྱར་ནས་པར་དུ་བསྒྲུབས ༎ གང་གི་དགེ་བས་མ་ལུས་འགྲོ་བའི་ཚོགས ༎ བརླབས་ཆེན་རྒྱལ་བའི་སྤྱོད་པ་སྒྲུབ་པ་ལ ༎ སྙིང་སྟོབས་མཆོག་གི་ཕ་རོལ་སོན་གྱུར་ཏེ༎ མྱུར་དུ་རྒྱལ་བའི་གོ་འཕང་བསྒྲོད་པརབསྒྲོང་བར་ཤོག ༎ ཁྱད་པར་ས་ལ་རིགས་པའི་དབང་ཕྱུག་གི ༎ ཕྲིན་ལས་ཕ་མཐའ་མེད་པར་རྣམ་རྒྱས་ཤིང ༎ རིག་འཛིན་རིགས་པ་སྨྲ་བ་རྒྱལ་བའི་སྲས གྲྭ་ལྔ་རྒྱལ་པོའི་རིང་ལུགས་འཕེལ་གྱུར་ཅིག ༎ མུ་མཐའ་མེད་པའི་དགེ་ལེགས་སྒྲུབ་པའི་གཞི ༎ རྟག་པར་ངན་འགྲོ་འགོག་པའི་སྒོ་གླེགས་ཆེ ༎ སྲིད་ན་མཚུངས་མེད་རྒྱལ་སྲས་སྤྱོད་པ་ལ ༎ འཇུག་ལ་ཡི་རང་རྟག་ཏུ་རྒྱལ་གྱུར་ཅིག ༎ པར་མཁན་མཁས་པ་རྡོ་རྗེ་བརྟན་པརྟན་པ་གྲོགས་འཆེད་གིས་བསྐོས༎ [...] ༎ དགེའོ ༎