R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ]རྒྱ་གར་སྐད་དུ། དྷརྨཱ་སྱ་སྭཱ་མི་ཤྲཱི་མནྶདྒུ་རེ་བྷྱསྶདྷརྨཱ་ཡ་ཐཱ་ཤཱུ་ཏ་སྱ་ན་ཡསྶུ་བྷ་གི་ཏ་གམྦྷི་ར་པུཥྚིཾ་དྷརྨཱ་སྶརྦ་ཀཱ་ཤ་སྱ་སུརྻ་ནཱ་མཿ བོད་སྐད་དུ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ། རྗེ་བཙུན་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། སྔོན་ཚེ་གྲངས་མེད་བསྐལ་པའི་དུས་ནས་ཡན་ལག་བདུན་ལྡན་སྐུ་བརྙེས་ཀྱང་། །གདུལ་བྱ་དྲང་ཕྱིར་འཕགས་པའི་ཡུལ་དུ་མཛད་པ་བཅུ་གཉིས་སྟོན་མཛད་པའི། །ལྷ་མིའི་མགོན་པོ་ཟས་གཙང་སྲས་དང་དེས་གསུངས་ལུང་རྟོགས་དམ་པའི་ཆོས། །རྒྱལ་སྲས་བསྟན་འཛིན་དགེ་འདུན་ཚོགས་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། ༡ །རྒྱལ་བས་གསུངས་