R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡བ
[A:༡བ]རྒྱ་གར་སྐད་དུ། ཛ་ག་ཏཽ་ནཱ་ཐ་ཤྲཱི་ཝན་སངྒུ་རུ་པུ་ཎྱ་དྷྭ་ཛ་ཤྲཱི་བྷ་དྲ་ནིརྨྨ་ཎ་ཀཱ་ཡ་མནྟྲ་དྷ་ར་གུ་རུ་ཨ་དྷྱ་ནུ་ཀམྤ་མ་ཧཏྶ་ཏྭཾ་ན་མཿ བོད་སྐད་དུ། འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་སྤྲུལ་སྐུ་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོའི་ཞབས་ལ་མགོས་ཕྱག་འཚལ་ལོ། །ཞི་བ་འཚོ་ཡི་རྣམ་སྤྲུལ་འགྲོ་མགོན་རྗེ། །དགའ་ལྡན་གནས་ནས་སླར་ཡང་གངས་ཁྲོད་འདིར། །གོས་དཀར་ལྕང་ལོས་མཛེས་པའི་སྐུར་སྤྲུལ་པའི། །སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་རྒྱལ། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་ལྷར་བཅས་འགྲོ་བའི་བླ་མ་དུས་གསུམ་རྒྱལ་བའི་ཡབ་ཅིག་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་འཕགས་པ་འཇིག་རྟེན་དབང་ཕྱུག་དང་གཉིས་སུ་མ་མཆིས་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་