R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༥བ
[A:༢༥བ]འཆང་ཆེན་པོའི་གསུང་རྒྱུན་བཞིན་བཀོད་པ། བསེ་འབག་ནག་པོ་འཕུར་ཤེས་ཀྱི་ལོ་རྒྱུས་སྙན་བརྒྱུད་མ། གུར་གྱི་མགོན་པོའི་ལས་ཚོགས་གཏོར་མ་ལ་བརྟེན་ནས་དགྲ་བསད་པའི་མན་ངག་གི་སྐབས་སུ་མེད་ཐབས་མེད་པའི་མན་ངག་དམ་པ། གསུང་མགུར་བླ་མ་རྒྱང་འབོད། དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྦྱིན་སྲེག་གི་ངག་འདོན་དང་ཕྱག་ལེན་གསལ་བར་བཀོད་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བ་དངོས་གྲུབ་མྱུར་སྩོལ། རྡོ་རྗེ་ཕུར་པ་དང་ཀྱཻ་རྡོར་གྱི་སྦྱིན་སྲེག་གི་ཕྱག་ལེན་ཞལ་ཤེས་མཁས་པའི་ཡིད་འཕྲོག གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་དང་པོའི་བློ་ཅན་གྱི་རྟོགས་པར་སླ་བ་གསུང་རྒྱུན་གྱི་རིམ་པ་གསལ་བ། དུག་སྲུང་ཟབ་མོ། རྗེ་རྒྱལ་བ་མུས་པ་ཆེན་པོ་དང་ངེད་རང་ལ་ལུང་བསྟན་གྱི་ཚུལ་དུ་གནང་བའི་བཀའ་ཤོག་ཚན་པ་གསུམ། ངེད་རང་སྐུ་མཆེད་ལ་གནང་བའི་གསང་གཏོར་བྱེད་ཚུལ་གྱི་ཡི་གེ དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་འབྲིང་པོ་གཞན་ཕན་བདུད་རྩིའི་ཆུ་རྒྱུན་རྣམས་བཞུགས་པའི་གླེགས་བམ་ཡོངས་རྫོགས་ཀྱི་ལུང་རྣམས་ནོས་སོ། །འདིར་སྨྲས་པ། ཀུ་ལ་ཨསྡྱི་ལཀྵི་དེ་བ་ལྱ་པནྠ་ནྲི་ཧི་ཁ་རཾ།
རིགས་རུས་ཕུན་ཚོགས་ལྷ་ཡི་ལམ་ལ་གར་མཛད་ཅིང་།
།དྲིཥྚ་ན་སཾ་ཏོ་ཥ་ལིང་ག་ནུ་པ་ལ་མཎྜ་པ་རི་པུརྞ།
ལྟ་བས་མི་ངོམས་མཚན་དཔེའི་དཀྱིལ་འཁོར་ཡོངས་སུ་རྫོགས།
།ཨཾ་བྷུ་ས་ཛྙཱ་ན་ད་མ་དྲ་ཤ་ཤཿརུ་པ་ལ་ནུ་ཧ་ར།
རྨད་བྱུང་མཁྱེན་བརྩེའི་རི་བོང་གཟུགས་ཀྱིས་ཡིད་འཕྲོག་པ།
།མནྟྲ་ཙནྟྲ་ཀིརྟི་པྲ་བྷ་པི་ཏ་སྐནྡྷ་ཛ་ཡ།
སྔགས་འཆང་ཟླ་བ་གྲགས་པའི་འོད་དཀར་ཕུང་པོ་རྒྱལ།
།གང་གི་ཞལ་དཀྱིལ་ཟླ་བ་རྒྱས་པ་ཡི། །ཨུཏྤལ་འདབ་འདྲའི་སྤྱན་གྱི་འགྲོ་ཀུན་ལ། །དལ་བུར་གཟིགས་ནས་མཛེས་པའི་འཛུམ་ཞལ་