R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༦ན
[A:༢༦ན]གྱིས། །ཀུན་ལ་རྟག་ཏུ་ཡིད་བདེའི་དགའ་སྟོན་སྩོལ། །སྲས་ཀྱི་ཐ་ཆུང་བདག་ལའང་མཇལ་རེ་བཞིན། །དགེས་པའི་བཞད་སྒྲས་བསུས་ནས་ལུས་ཀྱི་གནས། །ཕྱག་གིས་ཉེད་སོགས་བརྩེ་བས་ཉེར་དགོངས་ཏེ། །ཐུགས་ཕེབས་བྱམས་པའི་གསུང་གིས་ལན་བརྒྱར་བསྐྱངས། །ཁྱད་པར་དཔལ་ལྡན་ས་སྐྱའི་ཆོས་སྲིད་ཀྱི། །མ་འོངས་བསྟན་པའི་བདག་པོར་ཁྱོད་འགྱུར་ཞེས། །ལུང་བསྟན་ཇི་བཞིན་ཀུན་གྱིས་མངོན་གྱུར་པའི། །དུས་གསུམ་སྒྲིབ་མེད་གཟིགས་དེར་སྙིང་ནས་དད། །སྤྲུལ་པའི་སྐྱེས་མཆོག་ཁྱེད་ཀྱི་བཞེད་པའི་དོན། །ས་སྐྱའི་སྡེ་དང་བསྟན་པ་གདུང་བརྒྱུད་བཅས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རབ་རྒྱས་ནས། །བདག་གཞན་འདི་ཕྱིའི་དོན་ཀུན་ལྷུན་གྲུབ་ཤོག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས་ཡབ་རྗེ་སྦས་པའི་སངས་རྒྱས་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ཞལ་སྔ་ནས་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་གཉིས་པའོ། །
གཅིག་ཞུས།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།