R368: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦༨བ
[A:༦༨བ]མཚར་གནས། ༩ །བདེན་ནམ་བརྫུན་སྙམ་ཡིད་གཉིས་ཁྱོགས་ལ་འཕྱང་། །དུས་དེར་ཐོག་མར་སྡོམ་གསུམ་བཀའ་དྲིན་སྩལ། །དེར་རྗེས་ཟབ་རྒྱས་ཆོས་ཀྱི་གཏེར་ཁ་ཕྱེ། །ཐ་ན་འདི་ཕྱིར་ཕན་པའི་བསླབ་བྱ་དང་། ༡༠ །ཟང་ཟིང་བསྐྱངས་པའི་དྲིན་ཀྱང་ཕ་མཐའ་ཡས། །ཁྱད་པར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཆེ། །འབྲེལ་ཚད་དོན་ལྡན་ཁྱོད་དང་སློབ་བུ་བདག །བྱང་ཆུབ་བར་དུ་འབྲལ་བ་མེད་དོ་ཞེས། ༡༡ །ཞལ་བཞེས་བདུད་རྩིས་བདག་བློའི་བུམ་པ་བཀང་། །དེ་ཕྱིར་དལ་བ་དོན་ལྡན་འབྲས་བུར་བཅས། །མཛད་པའི་བཀའ་དྲིན་མཉམ་མེད་མགོན་ཁྱོད་ལ། །བདག་གཞན་ལུས་སྲོག་ལོངས་སྤྱོད་དུས་གསུམ་གྱི། ༡༢ །དགེ་ཚོགས་མཆོད་སྤྲིན་རྒྱ་མཚོར་སྤྲུལ་ནས་འབུལ། །དེ་ལ་བརྟེན་ནས་བདག་དང་འགྲོ་བ་ཡིས། །བཅས་དང་རང་བཞིན་གྱིས་བསྡུས་སྡིག་སྒྲིབ་ཀུན། །མ་ལུས་བྱང་ནས་འདི་དང་ཕྱི་མའི་དོན། །ཡིད་ལ་རེ་བ་ཇི་བཞིན་ཀུན་འགྲུབ་སྟེ། །སྤྱི་དང་བྱེ་བྲག་བསྟན་པ་རིན་ཆེན་འདི། །སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་བྱེད་ཅིང་། །འགྲོ་ཀུན་དག་པའི་ཞིང་དུ་འདྲེན་པར་ཤོག ༡༤ །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །རྒྱལ་བའི་འཕྲིན་ལས་གཅིག་བསྡུས་མཚན་ལྡན་གྱི། །འདྲེན་མཆོག་ཁྱོད་ཀྱིས་བདག་ཅག་གདུལ་བྱར་བཅས། །བྱང་ཆུབ་བར་དུ་འབྲལ་མེད་ཐུགས་རྗེས་སྐྱོབས། ༡༥ །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་གཞལ་དུ་མེད་པའི་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་